༄༅། །ཨ་ཁུ་ཁྲོ་ཐུང་ན་རེ།

གླིང་གེ་སར་རིག་གནས་དྲ་བ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-13


སྲིད་པའི་སྲིད་པ་རྣམ་གསུམ་དེ། །

རྡོ་ལྕགས་བར་ན་མེ་ཞིག་སྲིད། །

ཤ་ཀོ་བར་ན་འོ་མ་སྲིད། །

གནམ་སའི་བར་ན་སྦྲང་ཆར་སྲིད། །

དེ་སྲིད་པའི་སྲིད་པ་རྣམ་གསུམ་རེད། །

མ་སྲིད་སྲིད་པ་རྣམ་གསུམ་དེ། །

བྱ་སྐྱ་ཀའི་མཁྲིས་པ་ཁ་ལ་སྲིད། །

ཉ་གསེར་མིག་སོག་པ་མགོ་ལ་སྲིད། །

སྦྲུལ་རེ་འབྱམས་རྐང་ལག་ཁོག་ན་སྲིད། །

དེ་མ་སྲིད་སྲིད་པ་རྣམ་གསུམ་རེད། །

ཁབ་རྩེ་འབིགས་རྩེ་གྲི་རྩེ་གསུམ། །

མགར་བའི་རྩེ་མོ་རྣམ་གསུམ་རེད། །

ཤྭ་རུ་དགོ་རུ་གཙོད་རུ་གསུམ། །

མ་མགར་རྩེ་མོ་རྣམ་གསུམ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1