༄༅། །མགོ་ལོག་ཁུལ་གྱི་གེ་སར་ཟློས་གར་སྐོར་ཞིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-13



             མགོ་ལོག་ཁུལ་གྱི་<<གེ་སར>>ཟློས་གར་ཆེན་མོ<<རྟ་རྒྱུགས་རྒྱལ་འཇོག>>གི་ཆེད་མཁས་བཞུགས་མོལ་ཚོགས་འདུ་ཟི་ལང་ནས་ཚོགས། ཉེ་ལམ། <<གེ་སར>>ཟློས་གར་ཆེན་མོ<<རྟ་རྒྱུགས་རྒྱལ་འཇོག>>གི་ཆེད་མཁས་བཞུགས་མོལ་ཚོགས་འདུ་ཟི་ལང་ནས་ཚོགས། ཚོགས་སྟེང་དུ་ཞིང་ཆེན་རིམ་པའི་སྒྱུ་རྩལ་པ་ཚན་ཆུང་གདན་འདྲེན་ཞུས་ཤིང་ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་སྐལ་བཟང་ཚེ་རིང་གིས་ཚོགས་འདུ་ལ་འགོ་འཛིན་བྱས།   ཚོགས་སྟེང་ནས་ཁུལ་གཙོ་གཞོན་པ་སྐལ་བཟང་ཚེ་རིང་གིས་<<གེ་སར>>ཟློས་གར་ཆེན་མོ<<རྟ་རྒྱུགས་རྒྱལ་འཇོག>>གི་གསར་བཏོད་དང་སྒྲིག་ཚུལ། འཁྲབ་སྟོན་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས། ཟློས་གར<<རྟ་རྒྱུགས་རྒྱལ་འཇོག>>ལ་ཞིང་ཆེན་རིམ་པས་ཁས་ལེན་ཐོབ་ཅིང་། ཞིང་ཆེན་ཡོངས་ཀྱི་ཟློས་གར་ཆེན་མོ་ལྔའི་ནང་དུ་བདམས་པ་མ་ཟད། ཟློས་གར<<རྟ་རྒྱུགས་རྒྱལ་འཇོག>>གི་རོགས་སྐྱོར་མ་དངུལ་ཁྲི་སྒོར35ཁ་སྣོན་བྱས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1