༄༅། །རི་མོ་བ་རིན་ཆེན་དར་རྒྱས་ཀྱིས་བརྩམས་ཆོས་གདམ་བཀོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-13



ལྕང་ཞབས་པ་འགྱུར་མེད་ཚེ་དབང་།

 དེ་ཡང་རི་མོ་བ་རིན་ཆེན་དར་རྒྱས་ནི་འབྲི་ཟླ་ཟ་མོ་སྒང་གི་ཁོངས་གཏོགས་རུ་དམ་རྫོགས་ཆེན་ཤྲཱི་སེང་གི་ཉེ་འགྲམ་དུ།   དྲིན་ཆེན་མ་ལོའི་ཁོག་ནས་ཐོན་ཏེ་ཡབ་ཆེན་གྱིས་ཁོང་གི་འབྱུང་འགྱུར་གྱི་མི་ཚེའི་ཁ་ཕྱོགས་དེ་སློབ་གླིང་གི་ལམ་བུར་འཇུག  གནས་དེ་ནས་སློབ་གྲྭ་ཆུང་འབྲིང་གཉིས་འདོན་ནས་མཇུག་རྫོགས་རྗེས། སྡེ་དགེ་རྫོང་རྒྱལ་ཁབ་ཁྲལ་དོན་ཇུས་སུ་ལས་གནས་སྒོས།  དེ་ནས་རིམ་བཞིན་དཀར་མཛེས་ཁུལ་གྱི་རྫོང་ཁག་དུ་མའི་ཁྲལ་དོན་ཇུས་སུ་གདམས་གསེས་ཀྱི་ལས་འགན་བཞེངས་ཏེ་སླར་ཡང་ད་ལྟ་དཀར་མཛེས་ཁུལ་གྱི་ཁྲལ་དོན་ཇུས་སུ་ལས་དོན་སྒྲུབ་བཞིན་ཡོད། 

 ཁོང་ནི་རྟག་པར་རི་མོ་འབྲི་བ་ལ་དགའ་ཞེན་ཆེ་བས་ཁོང་གིས་བྲིས་པའི་གངས་རི་དང་གངས་ཆུ་སོགས་རི་མོ་ལ་མཛེས་སྡུག་དང་གསོན་ཉམས་ལྡན་ཞིང་། འབུར་དུ་ཐོན་པའི་རྫ་རི་དང་རྫ་ཆུ་ལ་སྒྲོས་ཉམས་ལྡན་ཞིང་སྤང་རི་དང་སྤང་ཆུ་ལ་དྭངས་ཉམས་དོད་པ། ཁྱད་ཆོས་དུ་མའི་དགེ་མཚན་གྱི་དཔལ་དང་ལྡན་ཞིང་རི་མོ་བ་ཞེས་ས་གྲགས་གནམ་གྲགས་སུ་བྱུང་། རྒྱུ་མཚན་དེས་ཁོང་ལ་མཐོང་ཆེན་བྱེད་མཁན་ཡོད་ཅིང་ཁོང་ལ་བརྩི་བཀུར་བྱེད་མཁན་ཡང་མང་། ལྷག་པར་དུ་ཁོང་གིས་བྲིས་པའི་རི་མོ་རྣམས་ཕྱི་གླིང་གི་རི་མོའི་མཛེས་རྩལ་དང་།  རྒྱ་དཀར་ནག་དང་བོད་ཀྱི་རི་མོའི་ཉིང་བཅུད་ཀྱི་ལེགས་ཆ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས།  བཟོ་རྩལ་གྱི་མདངས་ལམ་ནས་མིག་གིས་དགའ་སྟོན་དུ་འགྲེམ་སྤེལ་བྱས་པ་དང་།  མིག་སྔར་དཀར་མཛེས་ཁུལ་གྱི་དུས་དེབ་མང་ཤོས་ཐོག་ཏུ་ཁོང་གི་རྒྱ་ནག་རི་མོའི་མཛེས་རྩལ་རྣམས་མངོན་མྱངས་ལ། ཀུན་གྱིས་གདེང་འཇོག་མཐོན་པོ་གནང་གི་ཡོད་། མ་ཟད་ཁོ་རང་གི་འཚོ་བའི་རྒྱུན་ཤེས་སམ་ཉམས་མྱོང་དང་འབྲེལ་བའི་མི་ཆོས་འཚོ་བའི་ཁྲོད་ཀྱི་བླང་དོར་གྱི་གཏམ་མམ། སེམས་ལ་ཕན་པའི་གདམས་ཚིག་ཟབ་མོ་རེ་དར་མདོའི་སྔ་དགོང་ཟེར་བའི་ཁ་བྱང་ཅན་ཞིག་ཕྲ་འཕྲིན་ཐོག་ཏུ་སྤེལ་གྱི་ཡོད། ཁོང་གིས་བྲིས་པའི་རི་མོ་རྣམས་བླུ་ཉོ་བྱེད་མཁན་མང་ལ། གདེང་འཇོག་གི་ཚད་ཇེ་མཐོར་འགྲོ་ཡི་ཡོད། དེར་བརྟེན་སྤྱི་ལོ་2013ལོའི་ཟླ་བ་7པར་ཆིང་ཧྭ་སློབ་གྲྭ་ཆེན་མོར་རྒྱལ་ཡོངས་མཛེས་རྩལ་ཞིབ་འཇུག་དང་བྲིས་རིས་གསར་གཏོད་མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་ཞུགས་ཆོག་པའི་བརྡ་ཐོ་འབྱོར། དེར་ཞུགས་ནས་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་པ་དང་།  མཐོང་ཆེན་དང་གུས་བཀུར་ཡང་ཚད་མེད་ཐོབ་བཞིན་ཡོད།  །


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།
༄༅། །ལག་རྩལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1