༄༅། །ལག་རྩལ།

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས། ཡོ རེབ་གོང་རིག་མཛོད། སྤེལ་དུས། 03-13


         ཤིང་སྐུའི་སྒྱུ་རྩལ་ཐོག་མ་སྟོན་པ་ཞལ་བཞུགས་པའི་དུས་སུ་རྒྱུ་ཙན་དན་ལས་བཞེངས་པའི་སྟོན་པའི་སྐུ་བརྙན་ཙན་དན་ཇོ་བོ་ཞེས་ཡོངས་སུ་གྲགས་པ་ནི་སྟོན་པ་ཉིད་ཀྱིས་དངོས་སུ་རབ་གནས་མཛད་པ་དེ་ཕྱིས་སུ་པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་དུ་བཞུགས་པ་རྒྱ་ནག་ཙན་དན་ཇོ་བོ་ཞེས་པ་དེ་ཡིན་པར་གྲགས།  དུས་རབས་བདུན་པའི་ནང་དུ་བོད་རྒྱལ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་སྐབས།  སྲོང་བཙན་རང་གི་སོར་མོའི་འདུ་བྱེད་ལས་གཙུག་ལག་ཁང་གི་སེང་གེའི་གཟུགས་བརྒྱ་རྩ་བརྒྱད་སོགས་རྒྱུ་ཤིང་ལས་བཞེངས།

          དེ་བཞིན་དུ་སྡེ་དགེ་པར་ཁང་དུ་བོད་ཀྱི་གླེགས་བམ་དང་རི་མོ་སྣ་ཚོགས་ཀྱི་དཔར་གང་མང་བརྐོས་ཡོད་པ་ད་ལྟ་ཡ་མཚར་བའི་གནས་སུ་བཤད།   རེབ་གོང་དུ་མགྲོན་ལུང་དཔར་བརྐོ་དང་།  རྐ་སར་དཔར་བརྐོ་སོགས་སྒྱུ་རྩལ་པ་གང་མང་ཞིག་གིས་དུས་རབས་མི་འདྲ་བའི་ནང་དུ་བཞེངས་པའི་ཤིང་བརྐོས་མི་འདྲ་བ་བླ་ན་མེད་པ་མང་བོ་བྱུང་། རོང་བོ་གྲྭ་ཚང་དཔར་ཁང་ཆེན་མོ་དང་། དཔར་ཁང་ཆེན་མོ་འདོད་འཇོ་གླིང་སོགས་སུ་མཁས་བའི་གསུང་རྩོམ་ཇི་སྙེད་ཅིག་དཔར་ཏུ་བརྐོས་ནས་བཞུགས་ཡོད། ད་ལྟའི་རེབ་གོང་སྒྱུ་རྩལ་ཁང་གི་གུར་མགོན་སྐྱབས་ནི་ཤིང་བརྐོ་མཁས་པ་ཞིག་ཡིན་ལ་ཁོས་བརྐོས་པའི་སྒྲོལ་དཀར་སོགས་ལ་རེབ་གོང་ལྷ་རིས་སྒྱུ་རྩལ་ལས་ཤིང་བརྐོས་ལག་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1