དྲན་སྐུལ།

འབོ་ར་ཀླུ་འབུམ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


ཁྱོད་རང་སྨག་ནག་པའི་ནམ་མཁའ་ལ་སུན་ཟེར།

འོན་ཏེ། སྐྱ་རེངས་བསླེབས་ཀྱང་།

མིག་ཟུང་བཙུམས་ནས།

ད་རུང་། བལྟ་འདོད་མེད་པར་འདུག་དོན་ཅི་ཡིན།

ཁྱོད་རང་ཉིན་མོའི་འོད་སྣང་ལ་སྨོན་པ་སྐྱེས་ཟེར།

འོད་སྣང་དེ་མིག་མདུན་དུ། དཔྱིད་ཀ་བཞིན་བསླེབས་ཀྱང་།

ཁྱོད་རང་།

སླར་ཡང་། སྨག་ནག་པའི་འོབས་ཁུང་དུ་འཛུལ་ཏེ།

དངན་པ་རིང་པོར་འཐེན་ནས་གཉིད་དོན་ཅི།

ཅི་འདྲའི་ཡིད་དུ་སྨོན་པ་ནི།

ཉིན་ལ་ཉི་འོད་ཀྱི་དྲོད་ཁོལ་རེག་ཅིང་།

མཚན་ལ་རྨི་ལམ་གྱི་ཞིང་ཁམས་འགྲིམ་པ།

དེ་དག་ཇི་འདྲའི་འཇིག་པར་སླ་ནའང་།

དེ་འདྲའི་སྐྱིད་སྣང་གི་ཉིན་ཞག་ག་ཙམ་ཡོད་དམ།

ཁྱོད་ཀྱིས་གཟོད་བསྲན་ངང་ཉི་མ་འཁྱོལ་ཐབས་བྱེད་བཞིན་ཡོད་ལ།

ང་ཡིས་ཡིད་རྨུགས་ངང་ཉི་མ་གང་འཁྱོལ་བྱས།

དེ་ལྟར་ཉིན་ཞག་ཕྲེང་བས་རྩི་བཞིན།

མི་ཚེ་གང་ལྟར་བསྐྱལ་ཞིང་ལོ་ཟླ་གང་ཞིག་བསུ་ཡོང་། 


རྩོམ་ཡིག་སྔོན་མ།
ཕ་ཡུལ།
རྩོམ་ཡིག་རྗེས་མ།
ལྷིང་འཇགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1