༄༅། །དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་འགན་འཁྲི་བདའ་འདེད་བྱེད་སྟངས།༼༥༽

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-13



     (གཅིག)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས4ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

     (གཉིས།)ལོ་གཅིག་ལ་མེ་སྐྱོན་ཅུང་ཆེན་པོ་ཐེངས2ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

     (གསུམ།)ལོ་གཅིག་ལ་ཚབས་ཆེ་བའི་མེ་སྐྱོན་ཐེངས1ཡན་ཆད་ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

     (བཞི།)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས4ཡན་ཆད་ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་དང་།

     (ལྔ།)ལོ་གཅིག་ལ་ཅུང་ཆེ་བའི་མེ་སྐྱོན་ཐེངས2ཡན་ཆད་ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ།

     (དྲུག)ལོ་གཅིག་ལ་མེ་སྐྱོན་ཚབས་ཆེ་ཐེངས1ཡན་ཆད་ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་ཡིན་པ་རེད།

     དོན་ཚན་བཅུ་གཅིག་པ།གྲོང་སྡེ་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་གྲོང་དམངས་ཨུ་ཡོན་ལྷན་ཁང་གིས་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་ལས་ཀ་ནན་ཏན་མ་སྒྲུབ་པ་དང་།གྲོང་དམངས་ཀྱིས་རེས་སྐོར་ལས་རེས་ཀྱི་ལམ་ལུགས་དོན་འཁྱོལ་མ་བྱེད་པ།ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀ་གྲོང་སྲོལ་དམངས་ཆིངས་ནང་མ་བཞག་པ།ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་ཞིབ་བསྡུར་དང་འཕྲལ་སྐྱོབ་ཐག་གཅོད་ཀྱི་ལས་ཀར་མཐུན་སྦྱོར་ཡག་པོ་བྱེད་མེད་ན་ཤང(གྲོང་རྡལ།)ཏང་ཨུ་དང་ཤང(གྲོང་རྡལ།)མི་དམངས་སྲིད་གཞུང་གིས་ཨུ་ཡོན་ལྷན་ཁང་གཉིས་ལ་དག་ཐེར་ལེགས་བཅོས་བྱ་རྒྱུའི་འགན་དཀྲི་དགོས།དག་ཐེར་ལེགས་བཅོས་བྱེད་ཤུགས་མི་འདང་ན་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་སྐྱོན་བརྗོད་སློབ་གསོ་བྱེད་དགོས།

     (གཅིག)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས1ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

     (གཉིས།)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས2ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་ཡིན།     ལོ་འཁོར་ནང་ས་ཁོངས་རང་ཉིད་ཀྱི་འགན་འཁུར་སའི་ཁྱབ་ཁོངས་ནང་གཤམ་གསལ་གྱི་གནས་ཚུལ་བྱུང་ན།གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་ཐ་ཚིག་སྐུལ་ལྕག་གི་ཁ་བརྡ་བྱས་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་བལྟོས་བཅས་ཀྱིས་ཏང་དང་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།

     (གཅིག)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་དང་ཡང་ན་ཅུང་ཆེ་བའི་མེ་སྐྱོན་ཐེངས2ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

     (གཉིས།)ལོ་གཅིག་ལ་མེ་སྐྱོན་ཆེན་པོ་ཐེངས1ཡན་ཆད་ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་ཡིན།

     (གསུམ།)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས3ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་བརྩིས་རྒྱུ་དང་།

     (བཞི།)ལོ་གཅིག་ལ་ཅུང་ཆེ་བའི་མེ་སྐྱོན་ཐེངས2ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་ཡིན།

     དོན་ཚན་བཅུ་གཉིས་པ།ནགས་ཚལ་སྲུང་མཁན་དང་རྩྭ་ཐང་དོ་དམ་པས་ནགས་ཚལ་དང་རྩྭ་ཐང་མེ་འགོག་བྱེད་པའི་དུས་རིམ་ནང་ཆོད་དོན་ལྟར་འགན་འཁུར་བྱ་ཡུལ་གྱི་ནགས་ཚལ་དང་།རྩྭ་ཐང་དུ་བསྐོར་བསྐྱོད་ལས་ཀ་སྒྲུབ་མེད་ཕྱིར།ཐེངས་གཅིག་རིག་ན་ཟླ་བ་དེའི་གླ་ཕོགས་དང་ཡང་ན་ཁ་གསབ་རོགས་དངུལ་གཅོད་རྒྱུ་ཡིན།ཐེངས་གཉིས་རིག་ན་ལོ་དེའི་གླ་ཕོགས་དང་ཡང་ན་ཁ་གསབ་རོགས་དངུལ་གཅོད་རྒྱུ་ཡིན།ཐེངས་གསུམ་རིག་ན་ལས་འགན་མེད་པ་བཟོས་རྒྱུ་ཡིན།

     དོན་ཚན་བཅུ་གསུམ་པ།ཁུལ་དང་རྫོང་གི་ནགས་ལས་དང་ཕྱུགས་འབྲོག་སྲིད་འཛིན་སྡེ་ཁག་གིས་དུས་ཐོག་ཏུ་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་ལས་ཀ་བཀོད་སྒྲིག་བྱེད་མེད་པ་དང་།ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་ཐད་དྲིལ་བསྒྲགས་སློབ་གསོ་དང་།ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་མི་འདང་བ།དུས་ཐོག་ཏུ་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་ལས་ཀ་དག་ཐེར་ལེགས་བཅོས་བྱ་རྒྱུའི་བརྡ་ཐོ་ཡི་གེ་བཀྲམ་མེད་པ་དང་།《ནགས་ཚལ་མེ་འགོག་ཁྲིམས་སྲོལ》དང《རྩྭ་ཐང་མེ་འགོག་ཁྲིམས་སྲོལ》།《སི་ཁྲོན་ཞིང་ཆེན་གྱི་ནགས་ཚལ་མེ་འགོག་ཁྲིམས་སྲོལ》།《སི་ཁྲོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དབང་རྩྭ་ཐང་བཅའ་ཁྲིམས〉ལག་ལེན་བྱེད་ཐབས》ཀྱི་འབྲེལ་ཡོད་ཆོད་ལྟར་བཅའ་ཁྲིམས་ལ་བརྟེན་ནས་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ཆད་གཅོད་བྱེད་མེད་པ་དང་།ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་རྗེས་འཕྲལ་སྐྱོབ་ཀྱི་སྔོན་བཀོད་འཆར་གཞིའི་ལས་འགན་དང་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར་མེ་སྐྱོན་ཐག་གཅོད་བྱེད་ཤུགས་མི་འདང་བ་བཅས་ཡོད་ཕྱིར།ཅུས་ཀྲང་དང་ཅུས་ཀྲང་གཞོན་པ།ཆེད་བསྐོ་བཀོད་འདོམས་པ།མེ་འགོག་གཞུང་ལས་ཁང་གི་ཀྲུའུ་རེན།ཤང(གྲོང་རྡལ།)གི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བྱེད་མཁན་གྱི་ཆེད་བསྐོ་མི་སྣ་བཅས་ལ་ཏང་དང་སྲིད་འཛིན་སྒྲིག་ལམ་གྱི་ཆད་པ་གཅོད་དགོས།     དོན་ཚན་བཅུ་བཞི་པ།ཁུལ་དང་རྫོང་གི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བཀོད་འདོམས་པུའུ་ཡི་གྲུབ་མི་སྡེ་ཚན་གྱིས་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་ལས་འགན་སྒྲུབ་མེད་ཕྱིར།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་གྲུབ་མི་སྡེ་ཚན་གྱི་འགན་འཁུར་མི་སྣ་ལ་ཏང་དང་སྲིད་འཛིན་སྒྲིག་ལམ་གྱི་ཆད་པ་གཅོད་དགོས།     དོན་ཚན་བཅོ་ལྔ་པ།ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་བའི་གནས་ཚུལ་དང་རྒྱ་ཁྱོན།ཤི་རྨས་ཐེབས་ཚུལ་བཅས་གསང་ཞུ་དང་རྫུན་ཞུ།ཡང་ན་དུས་འགྱང་ནས་སྙན་སེང་ཞུ་མཁན།མེ་སྐྱོན་གྱི་གྱོད་གཞི་རྩད་ཆོད་དང་ཞིབ་གཅོད་བྱེད་ཤུགས་མི་འདང་བ།མི་བདེན་རྫུན་སྒྲིག་བྱེད་པ་སོགས་ཀྱི་གནས་ཚུལ་ཡོད་ཕྱིར་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་ནས་བཅའ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།     དོན་ཚན་བཅུ་དྲུག་པ།ཁྲིམས་ལུགས་དང་འགལ་བ།ཉེས་པ་བསགས་པའི་དོགས་གཞི་ཡོད་ཕྱིར་ཁྲིམས་འཛིན་ལས་ཁུངས་ལ་སྤྲད་ནས་བཅའ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1