བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་ཡོན་མི་དགོས་པར་སྐྱོབ་བཅོས་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-15


 

འདི་ནི་ཟླ་7ཚེས་9ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མི་དམངས་སྨན་ཁང་དུ་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པའི་དང་བླངས་པ་ཀྲང་ཆིས(མདུན་གྱི་གཡོན)ས་གནས་དེ་གའི་བྱིས་པར་ལྷན་སྐྱེས་སྙིང་ནད་དབྱེ་བཤེར་ཐོ་འགོད་བྱེད་བཞིན་པ། 

   ཟླ་7ཚེས་9ཉིན། ཀྲུང་གོ་རྒྱ་གྲམ་དམར་རྟགས་ཐེབས་རྩ་ལྷན་ཚོཌ་ཀྱིས་ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པ་དང་མཉམ་དུ་བོད་དུ་དུས་ཡུན་ཉིན་ལྔའི“གོས་དཀར་ལྷ་རྗེའི་ལྗོངས་རྒྱུ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་དབྱེ་བཤེར་སྐྱོབ་རོགས་བྱེད་པའི་བྱ་སྤྱོད”སྤེལ་འགོ་ཚུགས་པ་རེད། སྨན་དོན་མི་སྣ་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་དང་། མཚོ་སྨད་རྫོང་། ཟངས་རི་རྫོང་བཅས་དང་། ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དང་བྲག་གཡབ་རྫོང་བཅས་སུ་བསྐྱོད་དེ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་དབྱེ་བཤེར་བྱས་ནས་གཤགས་བཅོས་ཀྱི་ཆ་རྐྱེན་དང་འཚམ་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་50ཀྲེང་ཀྲོའུ་རུ་བསུས་ནས་སྨན་ཡོན་མི་དགོས་པར་སྨན་བཅོས་བྱེད་རྩིས་ཡོད་པ་རེད། 

  


འདི་ནི་ཟླ་7ཚེས་9ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་བྱིས་པས་ཁྱིམ་བདག་གི་རོགས་རམ་འོག་རྫོང་མི་དམངས་སྨན་ཁང་དུ་བསྐྱོད་ནས་ལྷན་སྐྱེས་སྙིང་ནད་ཀྱི་དབྱེ་བཤེར་དང་ལེན་བྱེད་བཞིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1