སིང་གྷ་ཕོར་གྱི་ཙུང་ལི་སྔོན་མ་ལི་ཀོང་ཡའོ་སྐུ་གཤེགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-24


            སྤྱི་ཟླ་3པའི་ཚེས་23ཉིན། སིང་གྷ་ཕོར་གྱི་ཙུང་ལིས་ཡོང་བསྒྲགས་བྱས་པ་ལྟར་ན།   སིང་གྷ་ཕོར་གྱི་ཙུང་ལི་སྔོན་མ་ལི་ཀོང་ཡའོ་ལ་སྙུང་གཞིའི་རྐྱེན་པས་ཉིན་འདིའི་སྐྱ་རེངས་ཀྱི་ཆུ་ཚོད་3དང་སྐར་མ་18ཀྱི་ཐོག་སྐུ་གཤེགས་ཤིང་། ཁོང་སྐུ་གཤེགས་དུས་དགུང་ལོ་91ལོན་ཡོད་པ་རེད།

            ཟླ་སྔོན་མའི་ཚེས་5ཉིན། ལི་ཀོང་ཡའོ་ཡི་གློ་ནད་ཇེ་སྡུག་ཏུ་སོང་སྟེ་སིང་གྷ་ཕོར་གྱི་ཀྲུང་དབྱང་སྨན་ཁང་ནང་དུ་སྐྱེལ་ནས་སྨན་བཅོས་བྱས་ཤིང་།    སྤྱི་ཟླ་3པའི་ཚེས་17ཉིན། སིང་གྷ་ཕོར་གྱི་ཙུང་ལིས་ཡང་བསྐྱར་སྤྱི་བསྒྲགས་གནང་དོན།   ལི་ཀོང་ཡའོ་ཡི་སྙུང་གཞི་ཇེ་སྡུག་ཏུ་འགྱུར་བཞིན་པ་རེད། སྤྱི་ཟླ་3པའི་ཚེས་23ཉིན་གྱི་སྐྱ་རེངས་ཀྱི་ཆུ་ཚོད་3དང་སྐར་མ་18ཀྱི་ཐོག་ལི་ཀོང་ཡའོ་སྐུ་གཤེགས་པ་རེད། ཁོང་ནི་སྤྱི་ལོ་1923ལོའི་ཟླ་9པར་སྐུ་འཁྲུངས་པ་དང་། སྤྱི་ལོ་1959ལོ་ནས་1990ལོའི་བར་སིང་གྷ་ཕོར་གྱི་ཙུང་ལིའི་ལས་འགན་བཞེས་ཤིང་། དེ་རྗེས་འགན་གནས་སོར་བཞག་གིས་སྤྱི་ལོ་2011ལོའི་ཟླ་5བའི་བར་དུ་རྒྱལ་དོན་ཆབ་སྲིད་པ་རྒན་གྲས་དང་ནང་བློན་ཁང་གི་ཆབ་སྲིད་པ་རྒན་གྲས་གནང་མྱོང་ཡོད་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1