ལི་ཁེ་ཆང་གིས་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ལས་ཀར་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-24


སྤྱི་ཟླ་3པའི་ཚེས་20ཉིན། ལི་ཁེ་ཆང་གིས་ཁེ་ལས་ཐོ་འགོད་ཅུས་ནས་ཚོང་དོན་ལམ་ལུགས་བཅོས་སྒྱུར་དང་ཁེ་ལས་ཆུང་བའི་གནས་ཚུལ་ལ་རྟོག་ཞིབ་མཛད་བཞིན་པ།

           སྤྱི་ཟླ་3པའི་ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ལ་ཕེབས་ཏེ་ལས་ཀར་རྟོག་ཞིབ་མཛད་པར་མ་ཟད་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།

            ཁེ་ལས་ཐོ་འགོད་ཅུས་ནས་ལི་ཁེ་ཆང་གིས་ཚོང་དོན་ལམ་ལུགས་བཅོས་སྒྱུར་དང་དེ་མིན་གསར་བཙུགས་ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་བ་བཅས་ཀྱི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོང་གིས་གསུངས་རྒྱུར། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱས་པ་དེས་འཕར་སྣོན་བརྟན་འཇགས་དང་གསར་སྐྲུན་ལ་སྐུལ་འདེད་གཏང་བ། ལས་ཞུགས་རྒྱ་བསྐྱེད་པ་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་བཏོན། དེང་སྐབས་ཚོང་དོན་ལམ་ལུགས་བཅོས་སྒྱུར་བྱེད་སྐབས་ལས་གཏོད་གསར་སྐྲུན་ཐད་ལ་ད་དུང་ཚོད་འཛིན་གང་མང་བྱས་ཡོད་པས། རྒྱུན་མཐུད་སྒོས་ནུས་ཤུགས་བཏོན་ནས་ཚོང་རའི་གསོན་ཤུགས་ཇེ་ཆེར་གཏང་བ་དང་བཅོས་བསྒྱུར་གྱི་ཕན་འབྲས་ཇེ་མཐོར་གཏང་དགོས་ཞེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1