གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༣ཚེས་༢༥ཉིན།

འཇར་མན་མང་ཚོགས་ཀྱིས་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་སོང་བའི་དགེ་སློབ་དག་ལ་མྱ་ངན་ཞུས།

          ཧྥ་རན་སིའི་《ཧྥུ་ག་རོ་གསར་ཤོག》ཏུ་གནས་ཚུལ་བཀོད་པ་ལྟར་ན། སྤྱི་ཟླ་3པའི་ཚེས་25ཉིན། འཇར་མན་གྱི་གཤོག་པ་ཞེས་པའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་འཕུར་རེས་ཨང་གྲངས་GWI18Gཡི་A320-211རྣམ་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཧྥ་རན་སིའི་ལྷོ་རྒྱུད་དུ་སར་ལྷུང་བ་དང་། གནམ་གྲུའི་ནང་འགྲུལ་བ་མི་གྲངས་144དང་ལས་བཟོ་བ་6བཅས་བསྡོམས་པས་མི་གྲངས་150ཡོད་ཅིང་། དེའི་ནང་སློབ་མ་16དང་དགེ་རྒན་2ཡོད་འདུག

          ཧྥ་རན་སིའི་གསར་ཤོག་ཏུ་བཀོད་པ་ལྟར་ན། ཧྥ་རན་སིའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་འགོ་གཙོ་ཡིས། འཇར་མན་གྱི་གཤོག་པ་ཞེས་པའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་A320-211རྣམ་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཧྥ་རན་སིའི་ཨའོ་ཕེ་སི་ས་ཁུལ་དུ་སར་ལྷུང་ཡོད་ཅིང་། གནམ་གྲུའི་ནང་གི་མི་ཚང་མ་རྐྱེན་ལམ་དུ་ཤོར་འདུག་ཅེས་བསྟན།


           ཉིན་དེའི་དགོང་མོ་དེར། འཇར་མན་ནུབ་རྒྱུད་ཀྱི་Halternས་ཆར། མི་མང་པོ་ཞིག་Joseph-Konig-Gymnasiumསློབ་གྲྭར་འཛོམས་ནས་ཡིད་སྐྱོ་བའི་དོན་རྐྱེན་དེའི་ཁྲོད་དུ་རྐྱེན་འདས་སུ་སོང་བའི་དགེ་སློབ་རྣམས་ལ་མྱ་ངན་ཞུས་འདུག །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1