མཚོ་སྔོན་གྱི་རྫོང་ཞིག་ཏུ་ཆུ་ལོག་བྱུང་ནས་མི་16འཁུར་སོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-22



    མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱིས་སྤེལ་བའི་གནས་འཕྲིན་ལྟར་ན། ཟླ་8པའི་ཚེས་17ཉིན་གྱི་ཆུ་ཚོད་22དང་སྐར་མ་25ཡི་ཐོག ཏ་ཐུང་རྫོང་དུ་སྐད་ཅིག་ཉིད་དུ་དྲག་ཆར་བབས་མཐར་རི་ཉིལ་ནས་འདམ་རྡོའི་ཆུ་རུད་ཐོན་ཏེ་ཆུ་ལམ་ལ་འགྱུར་བ་བྱུང་སྟེ། ཞང་དང་གྲོང་རྡལ་2དང་གྲོང་ཚོ་6གི་ཐེམ་དུད་1517དང་མི་གྲངས་6245ལ་གནོད་འཚེ་བཟོས་ཡོད། སྔར་ལས་མྱུར་སྐྱོབ་འཚོལ་ཞིབ་དང་ཞིབ་དཔྱད་བྱས་པ་བརྒྱུད། ཚེས་18ཉིན་གྱི་ཆུ་ཚོད་12བར། མི་16རྐྱེན་ལམ་དུ་ཤོར་བ་དང་། མི་36གར་སོང་ཆ་མེད་དུ་གྱུར་བ།(དེ་སྔོན་བརྡ་ཁྱབ་བཏང་ནས་མི་4རྐྱེན་ལམ་དུ་ཤོར་བ་དང་། མི་27འབྲེལ་བ་ཆད་པ་སྟེ། འཚོལ་ཞིབ་བྱས་པ་བརྒྱུད། མི་2བསྐྱབས་ཐུབ་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་12མང་དུ་ཕྱིན་ཡོད། འབྲེལ་ཆད་མི་སྣ་23མང་དུ་ཕྱིན་ཡོད།)  

     གནོད་འཚེ་ཐོན་རྗེས། མཚོ་སྔོན་ཞིང་ཆེན་གྱིས་མགྱོགས་མྱུར་ཞིང་ཆེན་རིམ་པའི་ཐོལ་བྱུང་གནོད་འཚེའི་དོན་རྐྱེན་Ⅱརིམ་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་པ་རེད། རྒྱལ་དོན་ཨུ་ཡོན་ཝང་ཡུང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཞིང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་སྙན་སེང་འབྱོར་རྗེས་འཕྲལ་མར་མྱུར་སྐྱོབ་གེགས་སེལ་བཀོད་སྒྲིག་གནང་བ་དང་འབྲེལ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་བསྐོ་མངག་བཏང་སྟེ་ཁོང་གིས་འབྲེལ་ཡོད་འགན་འཁུར་བློ་མཐུན་ཁྲིད་དེ་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་བསྐྱོད་ནས། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ། ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་པ། རྨས་མ་སྐྱོབ་པ། གཞུང་ལམ་དང་། འཕྲིན་གཏོང་། གློག་ཤུགས་སྒྲིག་ཆས་མྱུར་བཟོ་སོགས་བྱས་པ་རེད།

     རོགས་སྐྱོབ་དཔུང་ཁག་གིས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་པ་བརྒྱུད། ཟླ་8ཚེས་18ཉིན་གྱི་ཆུ་ཚོད་14ལ་སླེབས་ཚེ། སླར་ཡང་འབྲེལ་ཆད་མི་སྣ་18འཚོལ་སྐྱོབ་ཐུབ་ཡོད། མིག་སྔར་འབྲེལ་ཆད་མི་སྣ་20འཚོལ་སྐྱོབ་ཐུབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1