གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༣ཚེས་༢༦ཉིན།

བོད་ཀྱི་<<རླུང་ཁམས་ཆེན་མོའི་ཚན་རིག་བརྡ་ཆད།>>ཀྱི་བོད་རྒྱ་ཤན་སྦྱར་ཚིག་མཛོད་ཐོག་མ་འགྲེམ་སྤེལ་བྱས།

          སྤྱི་ཟླ་3པའི་ཚེས་23ཉིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་<<རླུང་ཁམས་ཆེན་མོའི་ཚན་རིག་བརྡ་ཆད།>>ཀྱི་བོད་རྒྱ་ཤན་སྦྱར་ཚིག་མཛོད་ཐོག་མ་འགྲེམ་སྤེལ་གྱི་མཛད་སྒོ་འཚོགས་པ་དང་། ཚིག་མཛོད་དེས་རླུང་ཁམས་ཆེན་མོའི་ཚན་རིག་གི་བོད་ཡིག་བརྡ་ཆད་ཞིབ་འཇུག་གི་སྟོང་ཆ་བསྐངས་ཏེ། རླུང་ཁམས་ཆེན་མོའི་ཚན་རིག་གི་བོད་སྐད་ཡིག་གི་བརྡ་ཆད་ཚད་དང་ལྡན་པ་ཞིག་ཡོང་རྒྱུར་སྐུལ་འདེད་བྱ་ཐུབ་ཅིང་། འདི་ནི་<<རླུང་ཁམས་ཆེན་མོའི་ཚན་རིག་བརྡ་ཆད།>>རྩོམ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་བསོད་ནམས་རྡོ་རྗེས་ཚིག་མཛོད་འགྲེམ་སྤེལ་གྱི་མཛད་སྒོའི་ཐོག་ཚིག་མཛོད་དེ་ངོ་སྤྲོད་གནང་བཞིན་པའི་གནས་ཚུལ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1