ཀྲུང་གོ་རུ་ལོ་ངོ་5000སྔོན་གྱི་མིའི་ངོ་གདོང་དབྱིབས་ཀྱི་རྡོ་ཆས་རྙེད་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-26


         ཉེ་ཆར། ཀྲུང་གོའི་ལིའོ་ཉིང་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཁང་གིས། ཁྲའོ་དབྱང་གྲོང་ཁྱེར་ལཱ་ཧྲན་དུར་ཁྲོད་དུ་རིག་རྫས་སྔོག་འདོན་བྱས་ཏེ། མིའི་ངོ་གདོང་དབྱིབས་ཀྱི་རྫ་ཆས་དང་རྡོ་བརྐོས་ཀྱི་མི་མགོ་སོགས་རྙེད་འདུག  2009ལོར་ལཱ་ཧྲན་དུར་ཁྲོད་འདི་གསར་རྙེད་བྱུང་བ་ཡིན་ལ། འདིའི་ལྷོ་བྱང་གི་རིང་ཚད་ལ་སྨི་33དང་། ཤར་ནུབ་ཀྱི་རིང་ཚད་ལ་སྨི་22ཡོད། དུར་ཁྲོད་འདིའི་ངོས་སུ་ས་དམར་སྤུངས་ཡོད་ལ། མ་གཞི་རྡོ་རྩིག་གིས་གྲུབ་པ་ཞིག་རེད། ཐེངས་འདིར་སྔོག་འདོན་བྱས་པ་བརྒྱུད་རྡོ་ཆས་ཧ་ཅང་མང་པོ་ཞིག་རྙེད་ཡོད་མོད། དེ་བས་ཀྱང་མི་སེམས་འགུག་པ་ནི་མིའི་ངོ་གདོང་གི་དབྱིབས་ཅན་གྱི་རྡོ་ཆས་གསར་རྙེད་བྱུང་བ་དེ་རེད། མིའི་གདོང་དབྱིབས་ཀྱི་རྡོ་ཆས་འདི་ནི་ལོ་ངོ་5000སྔོན་གྱི་ཧུང་ཧྲན་རིག་གནས་དུས་སྐབས་ཀྱི་མིའི་གདོང་དབྱིབས་དང་འདྲ་བ་སྟེ། གདོང་སྒོར་ཞིང་སྣའི་གཟེངས་མཐོ་བ་དང་། ཁ་ཆུང་བ།  སྐྲ་བཅིངས་ཡོད་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1