གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༣ཚེས་༢༧ཉིན།

ཧྥ་རན་སི་དང་འཇར་མན། སི་ཕེན་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པ་གསུམ་གནམ་གྲུའི་དོན་རྐྱེན་བྱུང་ཡུལ་དུ་ཕེབས་ནས་ཕན་ཚུན་བར་མཐུན་སྒྲིལ་དང་རྒྱབ་སྐྱོར་གནང་བ་གསལ་པོར་བསྟན།

            སྤྱི་ཟླ་3པའི་ཚེས་25ཉིན། ཧྥ་རན་སིའི་《ཧྥུ་ག་རོ་གསར་ཤོག》ཏུ་གནས་ཚུལ་བཀོད་པ་ལྟར་ན། འཇར་མན་གྱི་གཤོག་པ་ཞེས་པའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་འཕུར་རེས་ཨང་གྲངས་GWI18Gཡི་A320-211རྣམ་པའི་འགྲུལ་སྐྱེལ་གནམ་གྲུ་དེ་ཧྥ་རན་སིའི་ལྷོ་རྒྱུད་དུ་སར་ལྷུང་བ་དང་། གནམ་གྲུའི་ནང་འགྲུལ་བ་མི་གྲངས་144དང་ལས་བཟོ་བ་6བཅས་བསྡོམས་པས་མི་གྲངས་150ཡོད་འདུག  ཉིན་དེ་རང་ལ་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏེ་དང་འཇར་མན་གྱི་ཙུང་ལི་མའོ་ཁིར། སི་ཕེན་གྱི་དབུ་བཞུགས་བློན་ཆེན་ལཱ་ཧོར་དབྱི་བཅས་གསུམ་འཇར་མན་གྱི་གཤོག་པ་ཞེས་པའི་མཁའ་འགྲུལ་སྤྱི་གཉེར་ཁང་གི་གནམ་གྲུ་དོན་རྐྱེན་བྱུང་ཡུལ་དུ་ཕེབས་ཤིང་། ཨོ་ལང་ཏེ་ཡིས། ནུས་ཤུགས་ཡོད་རྒུས་ཆག་སྒོ་བྱུང་བའི་རྒྱུ་རྐྱེན་ལ་རྩད་གཅོད་བྱ་རྒྱུ་ཡིན་ཞེས་གསུངས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1