༄༅། །གེ་སར་སྐྱེས་བུའི་བསང་མཆོད་བསྡུས་པ་བྱིན་ལྡན།

ཁྲོྃ་གྲུབ་ཐོབ་རྒྱལ་བ་བྱང་ཆུབ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།གེ་སར་རིག་གནས་དྲ་བ། སྤེལ་དུས། 03-27


བསྭོ།བསྭོ།ཁྲོཾ། གེ་སར་དམག་གི་རྒྱལ་པོ་ནི། །དུས་སྙིགས་མར་འཛམ་གླིང་བླ་མའི་ཚུལ། །

སྐྱབས་ཀུན་འདུས་ཐམས་ཅད་མཁྱེན་པ་བསང་། །ཡུམ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ནི། །

དུས་སྙིགས་མར་རྗེ་བཙུན་སྒྲོལ་མའི་ཚུལ། །འཇིགས་བརྒྱད་སྐྱོབ་སེང་ལྡིང་སྒྲོལ་མ་བསང་། །རྟ་(ས)ཡུལ་གཅོདཡུལ་གཅོད་རྐྱང་རྒོད་གཡེལ་བ་ནི། །དུས་སྙིགས་མར་རྟ་མགྲིན་དྲག་པོའི་ཚུལ། །དཔལ་རྟ་མགྲིན་དབང་གི་རྒྱལ་པོ་བསང་། །དཔའ་ཡང་དག་དམ་པ་སུམ་ཅུ་ནི། །

དུས་སྙིགས་མར་གྲུབ་ཆེན་སུམ་ཅུའི་ཚུལ། །དགྲ་ཀུན་འདུལ་དཔའ་རྟུལ་སུམ་ཅུ་བསང་། །

གླིང་སེང་ཆེན་རྒྱལ་བློན་འཁོར་བཅས་ལ། །བཀའ་(ཀྭི)སང་མཆོད་དམ་པ་འདི་འབུལ་བས། །ཕྱོགས་གར་འགྲོ་གར་འདུག་གར་གནས་ཀྱང་།།བདག་ཁ་འཛིན་རྒྱབ་རྟེན་དཔུང་གཉེན་མཛོད།།ཀྭི་བསྭོ་བསྭོ་ཆའོ་ལྷ་རྒྱལ་ལོ། །ཁྲོཾ་གྲུབ་ཐོབ་རྒྱལ་བ་བྱང་ཆུབ་ཞེས་པའི་གསུང་བྱིན་རླབས་ཅན་དུ་གྲགས་པ་འདི་ཉིད་ཁོ་བོ་ཆུང་བའི་དུས་བྱིན་རླབས་ཅན་དུ་ཐོས་ཏེ་བློར་བྱང་ནས་ངག་འདོན་བྱེད་མྱོང་མོད་ད་ཆ་མ་དཔེ་གར་མཐོང་རྒྱུ་མི་འདུག་མོད།ཉེ་ལམ་ཁམས་ཕྱོགས་ན་སྒྲ་ཐག་ཅིག་ཏུ་གྲྭ་བ་ཞིག་གིས་རྡུང་ལེན་གྱི་ཚིག་བྱས་ཏེ་བསྒྲགས་པ་ཚོར་ཏེ་ཡི་གེར་ཕབ་པ་ཡིན་གོང་གི(ས)(ཀྭི)གཉིས་ནི་ཁོ་བོ་བློ་ངོར་ཡོད་པ་ལྟར་ཡིན་དཔྱད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1