ལྕགས་ཟམ་ཁའི་ས་འགུལ་ནང་མི་88རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-10



        སྤྱི་ཚེས་9ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན“9•5”ལྕགས་ཟམ་ཁའི་ས་འགུལ་འགུལ་འགོག་རྒུད་སྐྱོབ་ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང་རིམ་པའི་ཡུལ་དངོས་མཉམ་འབྲེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་ལྟར་ན། སྤྱི་ཚེས་9ཉིན་གྱི་ཆུ་ཚོད་12བར། ལྕགས་ཟམ་ཁའི་6.8ས་འགུལ་ཁྲོད་མི་88རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེ་ལས་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་མི་50དང་གཡག་རྔ་གྲོང་ཁྱེར་ཧྲི་མེན་རྫོང་གི་མི་38ཚུད་ཡོད། གཞན་ཡང་ས་འགུལ་ནང་མི་30ལ་འབྲེལ་བ་ཆད་པ་དང་། མི་400ལྷག་ལ་རྨས་སྐྱོན་ཐེབས་ཡོད།(མི་11ལ་རྨས་སྐྱོན་ཤིན་ཏུ་ཚབས་ཆེན་ཐེབས་ཡོད་པ་དང་མི་38ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1