ལྕགས་ཟམ་རྫོང་གི་ས་འགུལ་ཁྲོད་ཀྱི་མི་ཤི་གྲངས་93ལ་སླེབས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-13


        ཞིང་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ་9པའི་ཚེས་12ཉིན་གློག་འཕྲིན་འབྱོར་གསལ།(གསར་འགོད་པ། ཁང་ཅིན་ཆན) སི་ཁྲོན་ཞིང་ཆེན་ལྕགས་ཟམ་རྫོང་གི་ས་འགུལ་འགུལ་འགོག་རྒུད་སྐྱོབ་ཞིང་ཆེན་དང་གྲོང་ཁྱེར།(ཁུལ) རྫོང་བཅས་ཀྱི་མཉམ་འབྲེལ་བཀོད་འདོམས་པུའུ་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། སྤྱི་ཚེས་11ཉིན་གྱི་ཆུ་ཚོད་17བར་དུ། སི་ཁྲོན་ལྕགས་ཟམ་ཁའི་ས་འགུལ་ནང་མི་93རྐྱེན་ལམ་དུ་ཤོར་ཡོད་པ་དང་། དེ་ལས་དཀར་མཛེས་ཁུལ་གྱི་མི་55དང་གཡག་རྔ་གྲོང་ཁྱེར་གྱི་མི་38ཚུད་ཡོད། ད་དུང་མི་25ལ་འབྲེལ་བ་ཆད་པ་དང་། དེ་ལས་ལྕགས་ཟམ་རྫོང་གི་མི་9དང་ཧྲི་མེན་རྫོང་གི་མི་16ཚུད་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1