ཡུལ་ཤུལ་འབའ་ཐང་གནམ་གྲུ་ཐང་གིས་དབྱར་དུས་དང་སྟོན་དུས་ཀྱི་གནམ་གྲུ་གཏོང་འགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


        སྤྱི་ཟླ་བ་3པའི་ཚེས་29ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་འབའ་ཐང་གནམ་གྲུ་ཐང་གིས་དབྱར་དུས་དང་སྟོན་དུས་ཀྱི་གནམ་གྲུ་གཏོང་འགོ་བརྩམས་ནས། ཞི་ཨན་ནས་ཟི་ལིང་དང་ཡུལ་ཤུལ་བར་གྱི་མཁའ་ལམ་ཡང་བསྐྱར་གཏོང་འགོ་ཚུགས་པར་མ་ཟད། དུས་ཚིགས་གཞན་དག་གི་གནམ་གྲུ་གཏོང་བའི་དུས་ཚོད་ལེགས་སྒྲིག་བྱས་ཡོད། ལེགས་སྒྲིག་བྱས་རྗེས། འགྲུལ་པ་ཚོའི་འགྲོ་འོང་གི་དགོས་མཁོ་བསྐངས་ཡོད་ལ། ས་གནས་དེ་གའི་མང་ཚོགས་ཀྱི་འགྲོ་འོང་ལའང་སྟབས་བདེ་བསྐྲུན་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1