བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་འགོ་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01



          སྤྱི་ཟླ་3ཚེས་30ཉིན། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སྐབས་གསུམ་པའི་ཁམ་བུའི་མེ་ཏོག་དུས་ཆེན་དེ་ཉིང་ཁྲི་རྫོང་དཀའ་ལམ་གྲོང་ཚོར་དངོས་སུ་འགོ་བཙུགས་ཤིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་ཁམ་བུའི་མེ་ཏོག་གི་དུས་ཆེན་རོལ་བར་འདུ་འཛོམས་བྱུང་ཡོད་པ་དང་། ཡུལ་སྐོར་བ་ཚོས་ཁམ་བུའི་མེ་ཏོག་གཟིགས་ཐུབ་པར་མ་ཟད། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བྲོ་གར་སོགས་ཀྱང་གཟིགས་ཐུབ། ཉིང་ཁྲིའི་དཀའ་ལམ་གྲོང་ཚོ་ནི་ཟླ་3པའི་ནང་ཁམ་བུ་མེ་ཏོག་ལ་གཟིགས་པའི་གནས་མཆོག་ཅིག་ཡིན་ཞིང་། ཉིང་ཆུའི་འགྲམ་ངོགས་སུ་ཁམ་བུའི་སྡོང་པོ་དང་ས་ཞིང་གཉིས་མཉམ་དུ་སྡེབ་ཡོད་པས། ལྟ་ན་སྡུག་པའི་མཛེས་ལྗོངས་ཞིག་གཟིགས་མོ་བ་ཀུན་གྱི་མིག་ལམ་མངོན་ཡོད་པ་རེད། །


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1