སི་ཁྲོན་གསར་འགྱུར་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན་ཁང་། སྤེལ་དུས། 09-22




སྲོལ་རྒྱུན་ཡག་པོ་དར་སྤེལ་དང་གསར་གཏོད་དྲང་སྲུང་རྒྱུན་འཁྱོངས། འབད་པ་ལྷོད་མེད་ཀྱིས་མུ་མཐུད་དུ་སི་ཁྲོན་གསར་འགྱུར་གླེང་ཕྱོགས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད།


        ཟླ་བ་དགུ་པའི་ཚེས་ཉེར་གཅིག་ཉིན། སི་ཁྲོན་ཉིན་རེའི་ཚགས་པར་དང་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་བཞུགས་མོལ་གྲོས་ཚོགས་དེ་ཁྲེང་ཏུའུ་ནས་འཚོགས་པ་རེད། སི་ཁྲོན་ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་ཝང་ཞའོ་ཧུའེ་གྲོས་ཚོགས་ལ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད།

        ཝང་ཞའོ་ཧུའེ་ཡིས་གསུང་བཤད་ཁྲོད་སི་ཁྲོན་ཞིང་ཆེན་ཏང་ཨུ་ཡི་ཚབ་མཛད་དེ་སི་ཁྲོན་ཉིན་རེའི་ཚགས་པར་དང་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་བཙུགས་ནས་ལོ་བདུན་ཅུ་འཁོར་བར་ལྷག་བསམ་དྲོན་མོས་རྟེན་འབྲེལ་ཞུས་པ་དང་། སི་ཁྲོན་ཉིན་རེའི་ཚགས་པར་ཁང་དང་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་གི་ལས་བྱེད་ལས་བཟོ་བ་དང་ལས་འཁྱུར་ངལ་གསོ་བའི་བློ་མཐུན་རྒན་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་། ཞིང་ཆེན་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་ཀྱི་བློ་མཐུན་རྣམས་ལ་གུས་འདུད་ཞུས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1