འཛམ་གླིང་གི་ཉི་ནུས་གནམ་གྲུ་ཆེས་ཆེ་བ་དེ་ཚེས་30ཉིན་གྱི་ནམ་ཕྱེད་ལ་ཁྲུང་ཆིང་དུ་འབྱོར་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-01


              དབྱིན་ཇིའི་རྒྱང་བསྒྲགས་ལས་ཁུངས་ཀྱིས་གནས་ཚུལ་བཀོད་པ་ལྟར་ན།  འཛམ་གླིང་གི་ཆེས་ཆེ་བའི་ཉི་ནུས་གནམ་གྲུ་ཉི་འོད་སྒུལ་ཤུགས་ཨང་རྟགས་2པ་(Solar Impulse 2)ཡིས་མི་འགྱངས་བར་སའི་གོ་ལ་བསྐོར་བའི་འཕུར་བསྐྱོད་ཐེངས་ལྔ་བ་དེ་བྱ་རྒྱུ་ཡིན་པ་དང་།  གནས་དེ་གའི་ཚེས་30ཉིན་གྱི་སྔ་དྲོའི་ཆུ་ཚོད་3དང་སྐར་མ་36གི་ཐོག  ཁ་ལོ་བ་པོ་ཐི་ལན་ཕིས་ཁའར(Bertrand Piccard)གྱིས་འབར་མའི་མན་རྡི་ལི་ནས་གནམ་གྲུ་བསྐོར་ཏེ་ཀྲུང་གོའི་ཁྲུང་ཆིང་ཕྱོགས་སུ་འཕུར།  ཐེངས་ལྔ་བའི་འཕུར་སྐྱོད་ལམ་ཐག་ནི་ཧ་ཅང་རིང་ལ།  སྤྱིའི་འཕུར་ཡུན་ནི་ཧ་ལམ་སྤྱི་ལེ་1375ཡིན་པ་དང་།  ཕལ་ཆེར་ཆུ་ཚོད་16ལ་འཕུར་ནས།  ནམ་ཕྱེད་ཀྱི་དུས་སུ་ཁྲུང་ཆིང་གི་ཅང་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་རྒྱུ་རེད།  འཆར་གཞི་ལྟར་ན།  གནམ་གྲུ་དེ་ཁྲུང་ཆིང་ནས་ཅུང་ཙམ་བསྡད་རྗེས་ནན་ཅིང་དུ་འཕུར་བ་དང་།  ས་ངོས་བཀོད་འདོམས་ལྟེ་གནས་ཀྱིས།  ནན་ཅིང་དུ་འཕུར་བའི་དུས་ཚོད་ཚེས་30ཉིན་གྱི་དུས་སུ་གཏན་ཁེལ་བྱས་པ་རེད། གནམ་གྲུ་འཕུར་བའི་དུས་ཚོད་ནི་ཉི་ནུས་གློག་གསོག་པའི་གློག་ཚད་དང་འབྲེལ་ཡོད་ལ།  གལ་ཏེ་གློག་ཚད་དམའ་ན།  ཁྲུང་ཆིང་ནས་བསྡད་དེ་གློག་གསོག་རྒྱུ་ཡིན་པར་བཤད།   ཟླ་འགའི་རྗེས་སུ།  གནམ་གྲུ་སླར་ཐོག་མའི་འཕུར་སྐྱོད་བྱེད་ཡུལ་ཨ་རབ་དུ་འཕུར་རྒྱུ་རེད།  ཉི་འོད་སྒུལ་ཤུགས་ནི་སའི་གོ་ལ་བསྐོར་བའི་ཉི་ནུས་ལ་བརྟེན་པའི་གནམ་གྲུ་དང་པོ་དེ་ཡིན་ལ།  གཞོགས་གཉིས་ཀྱི་གཤོག་པའི་རིང་ཚད་ནི་སྨི་702ཡིན་པ་དང་།  རླབས་སྒྲ་747ལས་བརྒལ་ཡོད་མོད།  འོན་ཀྱང་ལྗིད་ཚད་ལ་ཏུན་2.3ལས་མེད།  གཤོག་པའི་སྟེང་གི་ཉི་ནུས་ཀྱི་གློག་གཡིས་ཁྲི་ཚོ་1.7ནི་གནམ་གྲུའི་སྐུལ་འདེད་འཕྲུལ་ཆས་བཞིའི་གློག་ཁུངས་ཡིན།  འདས་པའི་ཟླ་གཅིག་གི་རིང་ལ།  ཉི་འོད་སྒུལ་ཤུགས་ཀྱིས་འཛམ་གླིང་དུ་སྔར་མེད་ཀྱི་ཟིན་ཐོ་གཉིས་བསྐྲུན་ཡོད་དེ།  འཕུར་སྐྱོད་ཆེས་རིང་བ་ནི་སྤྱི་ལེ་1468དང་།  ཆེས་འགྱོགས་པ་ནི་དུས་ཚོད་གཅིག་ལ་མཚོ་ལེ་117ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1