སྐལ་བཟང་རྡོ་རྗེའི་ཡིག་གཟུགས་དང་ཐང་ག་སྒྱུ་རྩལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-19


སྐལ་བཟང་རྡོ་རྗེ་ནི་ཁམས་སེར་ཤུལ་རྫོང་དུ་སྐུ་འཁྲུངས་ཤིང་། ཆུང་དུས་ནས་བོད་རིག་གནས་ཀྱིས་བག་ཆགས་བཟང་པོ་ཐེབས་པའི་འོགབོད་རིགས་ཀྱི་རིག་གནས་སྒྱུ་རྩལ་ལ་ཁྱད་འཕགས་ཅན་གྱི་བརྩེ་དུང་ཆགས་ཡོད་པ་དང་། ལོ་བཅུ་བཞིའི་ཐོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་སློབ་སྦྱོང་བྱས་རྗེས་བོད་རིག་གནས་ཀྱི་མཁས་ཅན་དཔལ་སྤོངས་མཁན་པོ་བུ་ལོ་ཆོས་དང་། པཎ་ཚེ་རིན་པོ་ཆེན། མཁན་པོ་ཐུབ་རི། ཐུབ་དབང་། རྡོ་བློ་རིན་པོ་ཆེན་བཅས་ཀྱི་བླ་གྲགས་ཆེན་པོའི་ཞབས་སུ་ཡིག་གཟུགས་དང་རི་མོ། བོད་རིགས་ཀྱི་སྒྱུ་རྩལ་སྐྱོ་སྦྱར་མཛེས་བཟོས་ཀྱི་ལག་རྩལ་སྦྱོང་བ་རེད། ཁྱད་པར་དུ་བོད་རིགས་ཀྱི་སྒྱུ་རྩལ་པ་མཁན་ཆེན་མང་པོས་ཁ་གསུང་ལག་སློབ་གནང་བའི་རྐྱེན་གྱིས་སྐལ་བཟང་རྡོ་རྗེ་བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་དང་། ཐང་གའི་སྒྱུ་རྩལ། འཇིམ་རྐོས། ཚེམས་བྲུག་ཐང་ག་སོགས་ཀྱི་སྒྱུ་རྩལ་ཐད་བརྟན་པོའི་རིག་གནས་མ་གདན་དང་སྒྱུ་རྩལ་གྱི་གདན་ཤུགས་བཞག་ཡོད་པས། ཕྱིན་ཆད་གཏིང་ཟབ་ཀྱི་སྒོ་ནས་བོད་རིགས་ཀྱི་སྲོལ་རྒྱུན་གྱི་སྒྱུ་རྩལ་ཞིབ་འཇུག་བྱེད་པར་རྨང་གཞི་བརྟན་པོ་ཞིག་གདིང་ཡོད་པ་རེད།
ལོ་ངོ་ཧ་ལམ་སུམ་ཅུའི་རིང་གི་འཚོལ་ཞིབ་བྱེད་པའི་ནང་ཁྱད་པར་དུ་རང་རྒྱལ་གྱི་དངོས་མིན་རིག་གནས་ཤུལ་བཞག་སྡེ་དགེའི་བོད་ཡིག་གཟུགས་རྒྱུན་འཛིན་པ་སྐད་གྲགས་ཅན་གྱི་བོད་ཡིག་གཟུགས་མཁས་ཅན་དཔལ་སྤོངས་མཁན་པོ་རྒན་བློ་ཆོས་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ངོས་འཛིན་པ་བྱས་རྗེས་སྐལ་བཟང་རྡོ་རྗེ་སྡེ་དགེའི་བོད་ཡིག་གཟུགས་རྒྱུན་འཛིན་པ་ཆགས་པར་རྐང་བཞག་ཡོད་པ་དང་། རྒྱལ་ཡོངས་ཀྱི་རང་བཞིན་ལྡན་པའི་ཡིག་གཟུགས་སྒྱུ་རྩལ་འགྲེམ་སྟོན་བྱེད་པའི་ནང་ཐེངས་མ་མང་པོ་བྱ་དགའ་ཐོབ་མྱོང་བ་རེད། ༢༠༠༨ལོ་ནས་འགོ་བཙུགས་ཏེ་ལེགས་འགྲུབ་ངང་ནས་བོད་རིགས་ཀྱི་ལོ་ངོ༤༠༠༠སྔོན་གྱི་གཟི་ཡིག་སོགས་ཀྱི་རྩ་ཆེན་གྱི་བོད་ཡིག་གཟུགས་ཞིབ་འཇུག་དང་བྲིས་ཐུབ་བྱུང་ཡོད་པ་རེད། དུས་མཚུངས་སུ་ཁྱད་གདན་པའི་གྲས་སུ་བཞག་ནས་དཀར་མཛེས་ཁུལ་རིག་གནས་ཁང་གིས་ཆེད་དུ་སྒྲིག་འཛུགས་བྱས་པའི་རང་རྒྱལ་གྱི་བོད་ཁུལ་སྐད་གྲགས་ཅན་གྱི་བོད་ཡིག་གཟུགས་པ་ཚོས་བྲིས་གནང་མཛད་པའི་རྩ་ཆེན་གྱི་བོད་ཡིག་གཟུགས༡༢༠ལྷག་ཙམ་གྱི་ཐང་ག་རིང་ཤོས་ལ་སྐྱོ་སྦྱར་མཛེས་བཟོས་བྱས་ཡོད་པ་རེད།   དུས་ཡུན་རིང་པོའི་བོད་ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་དང་ཞིབ་འཇུག་བྱེད་པ་དང་ཆབས་ཅིགདུས་མཚུངས་སུ་ཐང་གའི་སྐྱོ་སྦྱར་མཛེས་བཟོས་ཀྱི་སྒྱུ་རྩལ་ལག་ཤེས་ཞིབ་འཇུག་དང་གསར་སྐྲུན་བྱས་ཡོད་ཅིང་། གསར་སྐྲུན་བྱས་པའི་ལག་རྩལ་ལ་བརྟེན་ནས་སྔོན་རྗེས་སུ་ཐང་ག་དང་བོད་ཡིག་གཟུགས་ཧ་ལམ་སྟོང་ཕྲག་ཡན་ལ་སྐྱོ་སྦྱར་མཛེས་བཟོས་བྱས་ཡོད་པ་རེད། གསར་སྐྲུན་བྱས་པའི་བོད་ཀྱི་སྐྱོ་སྦྱར་མཛེས་བཟོས་ཀྱི་ཁྱད་ཆོས་དམིགས་བསལ་ཅན་ཡིན་པའི་དབང་གིས་སྐྱོ་སྦྱར་མཛེས་བཟོས་སྒྱུ་རྩལ་ཁྱད་ཆོས་མཐོ་བ་དང་བོད་རིག་སྒྱུ་རྩལ་ལས་རིགས་ཀྱིས་ཐང་ག་སྐྱོ་སྦྱར་མཛེས་བཟོས་ཀྱི་མི་སྣ་ཨང་དང་པོའི་མཚན་སྙན་བརྗོད་པ་རེད། བོད་རིགས་ཀྱི་ཀརྨ་དཀར་རྩེའི་ཐང་ག་འབྲི་མཁན་དང་། བོད་ཡིག་གཟུགས་སྒྱུ་རྩལ་པ། བོད་རིགས་ཀྱི་སྐྱོ་སྦྱར་མཛེས་བཟོས་པ་བཅས་ཀྱི་མཚན་སྙན་ཐོབ་པ་རེད། རྒྱལ་ཁབ་ཕྱི་ནང་གི་ཐང་ག་འབྲི་མཁན་དང་བོད་རིགས་ཀྱི་སྒྱུ་རྩལ་ཉར་ཚགས་བྱེད་མཁན་ཚོས་དགའ་བསུ་དང་དགའ་ཞེན་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1