ཁྲུང་ཆིང་གི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་ཞིག་གསོ་ལེགས་འགྲུབ་བྱུང་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-02


ཞིག་གསོ་བྱེད་མཁན་གྱི་ལས་བཟོ་བས་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ལ་གསེར་ཞལ་འབུལ་བཞིན་པ།

           མིག་སྔར། ཁྲུང་ཆིང་གི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་ཞིག་གསོ་ལས་གཞིའི་ཁྲོད་དུ། ཚོན་བྱུགས་པ་དང་ཞལ་གསེར་འབུལ་བ་སོགས་ཀྱི་ལས་ཀ་གཙོ་བོ་དག་ཡོངས་སུ་འགྲུབ་ཡོད་ལ། ད་ནི་ཆེས་མཇུག་མཐའི་ལས་རིམ་དུ་སླེབས་ཡོད་པ་རེད། འཆར་གཞི་ལྟར་ན། ཞིག་གསོ་བྱས་ཚར་རྗེས་ཀྱི་སྐུ་བརྙན་ཆེན་པོ་འདི་ཉིད་2015ལོའི་ཟླ་6པར་དངོས་སུ་ཡུལ་སྐོར་བ་དག་ལ་སྤྱན་འབུལ་ཞུ་རྒྱུ་ཡིན་འདུག  

ཞིག་གསོ་བྱེད་མཁན་གྱི་ལས་བཟོ་བས་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ལ་གསེར་ཞལ་འབུལ་བཞིན་པ།

          སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་བརྙན་འདི་ནི་ཁྲུང་ཆིང་གི་རི་བོ་པའོ་ཏེན་གྱི་རྡོ་བརྐོས་ཁུལ་ལྷ་ཆེན་མཚོ་ཁུག་གི་ལྷོ་ངོས་རི་བོར་བཞུགས་ཤིང་། སུང་རྒྱལ་རབས་ལྷོ་མའི་(སྤྱི་ལོ་1174-1252)སྐབས་སུ་བཞེངས་གྲུབ་པ་ཞིག་རེད། དེ་ནི་རང་རྒྱལ་གྱི་འཇིམ་བརྐོས་དང་རི་མོ། གསེར་ཞལ་འབུལ་བ་བཅས་གཞི་གཅིག་ཏུ་གྲུབ་པའི་རྡོ་བརྐོས་སྐུ་བརྙན་ཆེ་ཤོས་དེ་ཡིན་ལ། འཛམ་གླིང་གི་སྤྱན་རས་གཟིགས་ཀྱི་ལྷ་སྐུ་རྡོ་བརྐོས་མའི་ཚབ་མཚོན་བརྩམས་ཆོས་ཀྱང་ཡིན། །


ཞིག་གསོ་བྱེད་མཁན་གྱི་ལས་བཟོ་བས་སྤྱན་རས་གཟིགས་ཀྱི་སྐུ་བརྙན་ལ་གསེར་ཞལ་འབུལ་བཞིན་པ།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1