དཀར་མཛེས་རྫོང་གིས་དཔྱིད་རྨོ་གྲ་སྒྲིག་བྱེད་བཞིན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 04-02


དཀར་མཛེས་རྫོང་གི་ཞིང་བ་ཚོས་དཔྱིད་རྨོ་གྲ་སྒྲིག་བྱེད་བཞིན་པ།

          དཔྱིད་རྨོ་ཐོན་སྐྱེད་དང་དཔྱིད་རྨོ་གྲ་སྒྲིག་གི་ལས་འགོ་ཡག་མོ་ཞིག་འཛུགས་ཆེད། དཀར་མཛེས་རྫོང་གིས་གོ་སྐབས་དམ་འཛིན་དང་རྩ་འཛུགས་ཞིབ་མོ། བཀོད་སྒྲིག་ཞིབ་ཚགས་བཅས་བྱས་ཏེ་དུས་ཐོག་ཏུ་དཔྱིད་རྨོས་ཐོན་སྐྱེད་དང་དཔྱིད་རྨོས་གྲ་སྒྲིག་ལས་ཀའི་འགོ་ཁྲིད་ཚོ་ཆུང་བཙུགས་ཤིང་ཆེད་དོན་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཏུ་ད་ལོའི་དཔྱིད་རྨོ་ཐོན་སྐྱེད་དང་དཔྱིད་རྨོ་གྲ་སྒྲིག་ལས་ཀར་བཀོད་སྒྲིག་བྱས། དྲིལ་བསྒྲགས་དང་སྐུལ་སློང་སྔ་ཙམ་བྱས་ཏེ་ཧུར་ཐག་གིས་ཞིང་འབྲོག་མང་ཚོགས་ལ་ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་བཀྲམས་ཤིང་མང་ཚོགས་ཀྱིས་དཔྱིད་རྨོས་གྲ་སྒྲིག་གི་དུས་ཚོད་སྔ་ཙམ་བྱས་ཡོད། ཞིང་སྤྱོད་དངོས་རྫས་ཚོང་གཉེར་བྱ་གནས་4བཙུགས་ནས་ལུད་རྫས་སྣ་ཚོགས་ཏུན་800དང་། བསྡོམས་པས་ཏུན་12ཡོད་པའི་ཞིང་སྨན་རིགས་20ལྷག་ཙམ། སྔོ་ཚལ་ས་བོན་སྣ་ཚོགས་ཀྱི་ཁུག་མ་1500ཡོད། དེ་མིན་ཁམས་ནས་ཨང་རྟགས་བདུན་པ་དང་དཔྱིད་གྲོ། ཞོག་ཁོག་སོགས་ཁྱོན་བསྡོམས་ཏུན་270སྔོ་ཚལ་དྲོད་ཁང་གི་ཞིང་སྤྱོད་འགྱིག་ཤོག་སྤྱི་རྒྱ་500ཡོད་པ་དང་། ལོ་ཏོག་སྲུང་སྐྱོང་གི་ཡོ་བྱད་སྣ་ཚོགས་150བཅས་གྲ་སྒྲིག་འདང་ངེས་བྱས་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1