གཙོ་ངོས།>> སྒྱུ་རྩལ།>>སྒྱུ་རྩལ་ཞིབ་འཇུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༤ཚེས་༠༢ཉིན།

དངོས་མཚོན་གློག་བརྙན་<<འཛམ་གླིང་ཡང་རྩེ།>>ཞེས་པའི་4Kདཔར་མ་དེ་ཨ་རིའི་རྒྱལ་ཁབ་ས་ཁམས་འཕྲིན་ལམ་སྟེང་ཐོག་མར་བསྟན་རྒྱུ་ཡིན་པ།

   སྤྱི་ཟླ་3ཚེས་27ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་རྒྱ་སྐད་ཀྱི་རྒྱལ་སྤྱིའི་འཕྲིན་ལམ་ཐོག་སྟོན་བཞིན་པའི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་པར་གཞི་ཆེ་གྲས་<<འཛམ་གླིང་ཡང་རྩེ།་>>ཞེས་པ་དེ་ཨ་རིའི་རྒྱལ་ཁབ་ས་ཁམས་འཕྲིན་ལམ་དང་མཉམ་ལས་བྱ་རྒྱུའི་གྲོས་མཐུན་བྱུང་ནས་<<འཛམ་གླིང་ཡང་རྩེ།>>ཞེས་པའི་4Kདཔར་མ་དེ་ཨ་རིའི་རྒྱལ་ཁབ་ས་ཁམས་འཕྲིན་ལམ་སྟེང་ཐོག་མར་བསྟན་རྒྱུ་ཡིན་པ་རེད།

         ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་2015ལོའི་ལོ་འགོའི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་པར་གཞི་ཆེ་གྲས་ཡིན་པའི་<<འཛམ་གླིང་ཡང་རྩེ་།>>ཞེས་པ་དེ་ལག་རྩལ་ཐད་4Kདྭངས་གསལ་པར་ལེན་ལག་རྩལ་སྤྱད་པ་ཕུད། ད་དུང་གློག་བརྙན་དེ་པར་ལེན་བྱེད་སྐབས་བརྟག་ཞིབ་ཚོགས་ཆུང་6དང་པར་ལེན་ཚོགས་ཆུང་4བཏང་ནས་ཁྱོན་ཉིན་500པར་ལེན་བྱས་ཡོད། གློག་བརྙན་དེའི་ནང་མིག་སྔར་མདོ་དབུས་མཐོ་སྒང་སྟེང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གསང་བ་དང་དེ་བཞིན་ཡུལ་དེའི་མི་རྣམས་ཀྱི་སེམས་ཁམས་ཀྱི་འཇིག་རྟེན་ཇི་མ་ཇི་བཞིན་མཚོན་ཡོད་པ་རེད།

          གློག་བརྙན་དེ་པར་ལེན་བྱེད་སྐབས་ཟིན་ཐོ་མང་པོ་ཞིག་བཏོད་ཡོད་པ་དེའི་ནང་སའི་གོ་ལའི་ས་བབ་མཐོ་ཚད་སྨི་5000ཡན་གྱི་མཚེའུ་ཆེ་ཤོས་ཀྱི་འཁྱག་རོམ་སྟེང་པར་ལེན་ཐེངས་དང་པོ་བྱས་པ་དང་། ཡར་ཀླུང་གཙང་པོའི་ངོགས་ཀྱི་སྨི་200ཡོད་པའི་བྲག་རི་གཡང་གཟར་སྟེང་པར་ལེན་ཐེངས་དང་པོ་བྱས་པ། བྱང་ཐང་མི་མེད་ལུང་སྟོང་གི་སྲོག་ཆགས་ཀྱི་སྣོད་བཅུད་འབྲེལ་ཐག་དྭངས་ཤིང་གསལ་བའི་ངང་པར་ལེན་ཐེངས་དང་པོ་བྱས་པ། པར་ལེན་བྱེད་སྐབས་ལམ་ཐག་སྤྱི་ལེ་ཁྲི་10ལྷག་ཙམ་བསྐྱོད་ནས་བོད་དང་། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ་སོགས་མཚོ་བོད་ས་མཐོའི་ས་ཆ་60ལྷག་ཙམ་ལ་བསྐྱོད་པ་བཅས་ཚུད་ཡོད་ཅིང་། དེ་ནི་པར་ལེན་ས་ཁོངས་རྒྱ་ཆེ་ཤོས་ཀྱི་མདོ་དབུས་མཐོ་སྒང་གི་སྐོར་གྱི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་པར་གཞི་ཞིག་དང་ཀྲུང་གོའི་རྒྱལ་ནང་གི་གནས་ཚུལ་དངོས་མཚོན་པའི་གློག་བརྙན་པར་གཞི་གཞན་ཞིག་ཡིན་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1