༄༅།། ཀུན་ཏུ་རྒྱུ་མོས་བསྐུར་བ་བཏབ་པ་བཞིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-29




 བྱེ་མས་བཟོས་པའི་ཉོན་མོངས་ཀྱི་ཕད་བུ་འདི

 ལུས་དང་སེམས་ལ་གནོད་པའི་སྡུག་བསྔལ་ལས་ཐར་དཀའ་སྟེ

 ནད་ཞི་ནས་ཟས་ཞིམ་པོ་ཞིག་སྤྱོད་དགོས་བསམ་ཡང

 གློ་བུར་བའི་ནད་རྙིང་དེ་དག་གིས འདུ་བ་མི་སྙོམས་པའི

 ངའི་རྣམ་ཤེས་ཀྱི་ཁམས་དེ་སྤྲུགས་སྤྲུགས་བཏང་ཡོང

 མི་ཚེ་སྐྱིད་སྡུག་གནམ་གྱི་ལག སྔུན་གཞུག་གང་དུ་གོམ་པ་སྤོས་ཀྱང

 ལང་ཤོར་དུ་སོང་བའི་གཟུགས་ཕུང་འདི ཤེལ་གྱི་བུམ་པ་བཞིན

 ཕྱི་གསལ་ནང་གསལ་དུ་མཐོང་བས

 ཐོད་པའི་ཁ་ཡིག་ལའང་གསང་བ་ཅི་ཡང་མི་འདུག

 མི་ཚེའི་ཚིགས་མལ་འདི་རུ རང་ཉིད་ཇེ་ཆུང་ནས་ཇེ་ཆུང་ཡིན་པ་ཚོར་སྲིད་པ་དང

 འཆི་བའི་ཕྱོགས་སུའང་བསམ་བློ་གཏང་མི་དགོས་པར

 དབུགས་དང་གྲིབ་མ་བཞིན་དུ་འགྲོགས

 སྨན་སྤར་བ་གང་ཟོས་རྗེས སྡོད་ཁང་འདིའང་ཀུ་ཅོས་ཁེངས་འགྲོ

 ནད་དྲག་རྗེས་ཅི་ཞིག་བྱེད རིག་པ་རྣལ་དུ་ཕབ་མ་ཐུབ་པར་ཞག་གཅིག་ལ་ལུས

 ཐོག་མ་ཉིད་ནས ལུས་ངག་ཡིད་ཀྱི་བཤགས་པ་དེ་གལ་ཆེ་བར་སེམས


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1