སུང་རྒྱལ་རབས་ཀྱི་གནའ་བོའི་ཁྲོན་པ་ཞིག་ཕན་ཀྲི་ཧྭ་རུ་རྙེད་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-03


གནའ་རྫས་རྟོག་ཞིབ་བྱེད་མཁན་གྱིས་གནའ་ཤུལ་ནས་རྙེད་པའི་ཁྲོན་པ་དེར་ཞིབ་འཇུག་གནང་བཞིན་པ།

             ཉེ་ཆར། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་མི་སྣས་ཁྲིང་ཁུན་ལྕགས་ལམ་བསྐྱར་མ་ཡི་ཕན་ཀྲི་ཧྭ་རེན་ཧོ་ཁུལ་ཨའོ་ཙི་རི་བོའི་གནའ་ཤུལ་དུ་ལོ་ངོ་སྟོང་ཕྲག་སྔོན་གྱི་སྡོད་དམངས་དག་གི་ཁོར་ཡུག་ཅིག་རྙེད་ཡོད། གནའ་ཤུལ་འདི་ནས་རྡོ་རྩིག་གི་བཟོ་བཀོད་དང་དཀར་ཆས་ཀྱི་ཆག་རོ་མང་པོ་ཞིག་རྙེད་ཡོད་ཅིང་། གནའ་རྫས་སྔོག་འདོན་བྱེད་མཁན་གྱིས་ཁེམ་བུ་སོགས་ལག་ཆ་ཆུང་རིགས་བདེ་སྤྱད་དེ་དོང་ནང་གི་ས་འདམ་དག་ཕྱིར་ཕྱུངས་ནས་གནའ་རྫས་ལ་ཆག་སྐྱོན་མི་འབྱུང་བར་བྱས། འདི་ལྟར་གཙང་དག་བྱས་ཟིན་པའི་དོང་གི་ནང་དུ་ལོ་ངོ་སྟོང་ཕྲག་རིང་གི་གནའ་བོའི་ཁྲོན་པ་ཆ་ཚང་བ་ཞིག་རྙེད་ཡོད་ལ། དེའི་མཐའ་འཁོར་ནས་སྐབས་དེའི་མི་རྣམས་ཀྱིས་བཟོས་པའི་ཁང་བའི་རྨང་གཞི། དེ་བཞིན་ཁོང་ཚོའི་ས་ཞིང་སོགས་རྙེད་ཡོད། 


ལོ་ངོ་སྟོང་ཕྲག་སྔོན་གྱི་གནའ་བོའི་ཁྲོན་པ་དེའི་བཟོ་དབྱིབས་ཆ་ཚང་།

             སྤྱི་ཟླ་3པའི་ཚེས་31ཉིན། གནའ་ཤུལ་དེ་ནས་གསར་རྙེད་བྱུང་བའི་གནའ་རྫས་ཀྱི་གནས་ཚུལ་སོགས་ཐོག་མར་སྤྱི་བསྒྲགས་བྱས། ས་རིམ་མི་འདྲ་བའི་ཕུང་གསོགས་ལ་གཞིགས་ནས་གནའ་ཤུལ་འདི་ཉིད་ཐང་སུང་དུས་སྐབས་ཀྱི་གནའ་ཤུལ་ཞིག་ཡིན་པའི་ངོས་འཛིན་ཐོག་མར་བྱས་ཡོད། །


ཕན་ཀྲི་ཧྭ་རེན་ཧོ་ཁུལ་ཨའོ་ཙི་རི་བོའི་གནའ་ཤུལ་གྱི་ཟུར་གཅིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1