མཛོད་དགེའི་མཚོ་ཁྲར་སྤང་རྒྱན་སྔོན་པོའི་གཡུ་ཡི་མཚོ་མོ་འཁྱིལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 10-11


 

        ཟླ་དགུ་པའི་ཞོགས་པའི་རྩྭ་ཐང་ནི་སྨུག་པ་དང་མེ་ཏོག གསེར་མདོག་གི་སྤང་རྩྭ་སོགས་ཚོན་མདོག་སྣ་ལྔས་བརྒྱན་པས།  ཡིད་དུ་འོང་བའི་ཐང་ག་ཞིག་དང་གཉིས་སུ་མེད།  མཛོད་དགེ་མཚོ་ཁྲའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དུ།   ཨ་སྔོན་དགུང་གི་མདོག་དང་འདྲ་བའི་སྤང་རྒྱན་སྔོན་པོ་རྣམ་པར་བཞད་དེ།  སྔོན་པོ་གཡུ་ཡི་མཚོ་མོ་དང་འདྲ་བར་སྟོན་ཟླ་འབྲིང་བའི་མཐོ་སྒང་ལ་མཛེས་སྡུག་གསར་བ་བསྐྲུན། 

 

        སྤང་རྒྱན་སྔོན་པོ་ནི་གཙང་ཞིང་མཛེས་ལ།   མཛེས་སྡུག་གི་ཁ་དོག་ལ་ལྐོག་གྱུར་གྱི་སྣང་བ་ཞིག་གིས་ཁེངས། རླུང་འཇམ་དལ་བུར་ལྡང་དུས། ཉམས་དོད་པའི་སྤང་རྒྱན་སྔོན་པོ་ནི་ནམ་མཁའི་ལྷ་མོ་དང་འདྲ་བར་ཞབས་བྲོའི་སྟངས་སྟབས་ལ་རོལ། 

 

        སྤང་རྒྱན་སྔོན་པོ་ནི་རྩི་ཤིང་གི་མེ་ཏོག་གི་སྤྱི་མིང་ཡིན། སི་ཁྲོན་མཛོད་དགེ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་དུ་སྤང་རྒྱན་རིགས་ཀྱི་རྩི་ཤིང་ནི་མཚོན་བྱེད་རང་བཞིན་གྱི་སྐྱེ་དངོས་ཀྱི་རིགས་ཤིག་ཡིན། སྤང་རྒྱན་སྔོན་པོ་ལ་སྨན་གྱི་རིན་ཐང་དང་དཔལ་འབྱོར་གསར་སྤེལ་གྱི་རིན་ཐང་ཆེན་པོ་ལྡན།  དེའི་སྡོང་རྐང་ཆུང་ཞིང་མེ་ཏོག་ཞིབ་ཆ་ལྡན་པ། རིགས་མི་འདྲ་བའི་སྤང་རྒྱན་སྔོན་པོའི་ཚོན་མདངས་དང་གཟུགས་དབྱིབས་མི་འདྲ། 

 

        ས་གནས་འདིར་སྤང་རྒྱན་སྔོན་པོ་ལ་ཡིད་དུ་འོང་བའི་གཏམ་རྒྱུད་ཅིག་ཡོད་དེ། ལོ་ལྟར་དཔྱིད་ཚུགས་སྐབས་སྤང་རྒྱན་སྔོན་པོ་ཐོག་མར་བཞད་པ་ཡིན།  སྤང་རྒྱན་སྔོན་པོ་བཞད་སྐབས་རྩྭ་ཐང་གི་མེ་ཏོག་གཞན་དག་ད་དུང་བཞད་མེད་པར་རྟོགས་རྗེས།   དཔྱིད་ཀ་ད་དུང་སླེབས་མེད་པར་འདོད་དེ་རྙིད་འགྲོ།  སྤང་རྒྱན་སྔོན་པོ་སླར་ཡང་བཞད་སྐབས་དཔྱིད་ཀ་ཡོལ་ཏེ་སྟོན་ཁར་སླེབས་ཟིན། དེ་བས་སྟོན་ལྗོངས་གསེར་མོའི་ཆེས་ཐུན་མིན་གྱི་སྔོན་པོ་གཡུ་ཡི་མཚོ་མོར་འཁྱིལ་ནས།མཐོ་སྒང་ལ་ངོ་མཚར་ཆེ་བའི་རྣམ་པ་གསར་བ་བསྐྲུན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1