པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་2015ལོའི་ལོ་ཚོགས་སུ་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་ཇོ་ནང་བའི་ཐང་ག་སྒྱུ་རྩལ་གྱི་འགྲེམ་སྟོན་ལ་གཟིགས་པ་རེད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 04-03


པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་སུ་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་ཇོ་ནང་བའི་ཐང་ག་སྒྱུ་རྩལ་གྱི་འགྲེམ་སྟོན་ལ་གཟིགས་བཞིན་པ།

             2015ལོའི་སྤྱི་ཟླ་3པའི་ཚེས་27ཉིན། པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི་གསོལ་མགྲོན་ཁང་ཆེན་པོའི་ནང་དུ། སྐུ་མགྲོན་དམིགས་བསལ་བ་སྐོར་ཞིག་ཇོ་ནང་བའི་ཐང་ག་སྒྱུ་རྩལ་གྱི་འགྲེམ་སྟོན་ཡུལ་དངོས་སུ་ཕེབས་ཡོད་དེ། ཁོང་ཚོ་ནི་རྒྱལ་ཁབ་ཁག་གི་ལས་འཛིན་ལྕམ་མོ་དང་གཞུང་ཚབ་ལྕམ་མོ། སྲིད་ཚོང་ལྕམ་མོ། སྐུ་མགྲོན་གཙོ་བོའི་ལྕམ་མོ་བཅས་དང་། ལོ་ཚོགས་ནང་ཞུགས་པའི་བུད་མེད་ཁེ་ལས་པ་སོགས་ཀྱིས་གྲུབ་པའི་ལྕམ་མོའི་ཚོགས་པ་ཞིག་རེད། ཁོང་ཚོས་འགྲེམ་སྟོན་ཁང་དུ་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་གཟི་མདངས་མ་ཉམས་པའི་ཐང་ག་རེ་རེར་ཞིབ་མཇལ་གནང་ནས་ཡུན་རིང་ཙམ་ཕྱིན།


པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་སུ་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་ཇོ་ནང་བའི་ཐང་ག་སྒྱུ་རྩལ་གྱི་འགྲེམ་སྟོན་ལ་གཟིགས་བཞིན་པ།

             ཐང་གའི་བརྩམས་ཆོས་འདི་དག་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཛམ་ཐང་རྫོང་གི་ཇོ་ནང་བའི་ཐང་ག་ཁྲིད་སྦྱོང་ལྟེ་གནས་སུ་ཐོན་པ་ཡིན་ལ། འདི་ནི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བའི་སྤྱི་ཕན་གྱི་སྡེ་ཚན་ཞིག་ཡིན་པ་རེད། ལོ་ངོ་4ཡི་སྔོན་དུ། ཇོ་ནང་བའི་རིག་གནས་ཀྱི་རྒྱུད་འཛིན་པ་ཞིག་གིས་སློབ་གཉེར་གྱི་སྡེ་ཁག་འདི་ཉིད་བཙུགས་ཤིང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཐང་གའི་སྒྱུ་རྩལ་འདི་ཉིད་ས་གནས་དེ་གའི་ན་གཞོན་སློབ་མ་མང་པོར་རིན་མེད་དུ་སློབ་ཁྲིད་བྱས། ཉེ་བའི་ལོ་འདི་དག་གི་རིང་། སྔོན་ཆད་སྨྱུ་གུ་འཛིན་མ་མྱོང་བའི་བྱིས་པ་འདི་དག་རིམ་བཞིན་མཛེས་རྩལ་གྱི་སྒོ་ནས་ཚེ་སྲོག་གི་དོན་སྙིང་སྟོན་ཐུབ་པའི་རི་མོ་བ་ཆུང་ཆུང་འབའ་ཞིག་ཏུ་གྱུར། སྐུ་མགྲོན་ལྕམ་མོ་རྣམས་ཀྱིས་ཁོང་ཚོའི་སློབ་སྦྱོང་གི་གྲུབ་འབྲས་དང་བརྩེ་སེམས་ནི་ཡིད་འགུལ་ཐེབས་པ་ཞིག་རེད་ཅེས་བསྔགས་བརྗོད་ཡང་ཡང་གནང་། ། 

པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་སུ་ཕེབས་པའི་ལྕམ་མོ་ཚོས་ཇོ་ནང་བའི་ཐང་ག་སྒྱུ་རྩལ་གྱི་འགྲེམ་སྟོན་ཁང་དུ་མཉམ་པར་བླངས་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1