སྐལ་བཟང་ཆོས་སྒྲོན། གྲྭ་བཞིར་ཁོང་ལས་རྒྱུས་མངའ་ཆེ་བ་མེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-14




      ཐེངས་འདིའི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་ཉམས་བཟང་ཞེས་པའི་ལེ་ཚན་ནང་ང་ཚོ་མཉམ་དུ་གཞི་རིམ་དུ་ལང་ཚོའི་བཀྲག་མདངས་འཚེར་བ་བྱེད་མཁན་ཏེ་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ། གྲྭ་བཞི་སྡེ་ཁུལ་གྱི་ཏང་ཀྲེ་པུའུ་ཡི་ཧྲུའུ་ཅི་དང་པོ་སྐལ་བཟང་ཆོས་སྒྲོན་ལགས་ལ་རྒྱུས་མངའ་ཞིག་གནང་བར་ཕེབས་དང་།



      འཐུས་མི་སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་རྒྱུན་དུ་མང་ཚོགས་ཀྱི་དོན་དག་ནི་དོན་ཆུང་ཞིག་རྩ་བ་ཉིད་ནས་མིན་པས་ལས་གནས་ཐོག་ཉིན་གཅིག་བསྡད་ཚེ་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབ་པ་དང་བྱ་བ་བཟང་པོ་བསྒྲུབ་དགོས་ཞེས་གསུངས་ཀྱི་ཡོད།


 

       སྤྱི་ལོ་༢༠༡༥ལོར་སྡེ་ཁུལ་དུ་ཟབ་ཞུགས་གནང་ཚུན། སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་སྔ་རྗེས་སུ་གྲྭ་བཞི་གྲོང་གསར་དང་གཤོང་ཀ  གྲྭ་བཞི་བཅས་སྡེ་ཁུལ་གསུམ་གྱི་སྡེ་ཁུལ་ཨུ་ཡོན་ལྷན་ཁང་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་དང་། སྡེ་ཁུལ་གྱི་ཏང་ཀྲེ་པུའུ་ཡི་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་སོགས་ཀྱི་འགན་གནས་བཞེས་མྱོང་། ཁོང་གིས་རྒྱུན་དུ་ལས་ཀ་གང་ཞིག་ཡིན་རུང་བསམ་བློ་སྔོན་ལ་གཏོང་བ་དང་ལས་ཀ་སྔོན་ལ་བྱས་ཏེ་ཕྱོགས་གང་ཅིའི་ཐད་གུང་ཁྲན་ཏང་ཡོན་ཞིག་གི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གནང་ཐོག དམངས་ཀྱི་ཆེད་དུ་ལས་དོན་དངོས་བསྒྲུབས་པ་དང་། སྡེ་ཁུལ་གྱི་རྨང་གཞིའི་ལས་ཀ་ཞིབ་ཚགས་སུ་བཏང་བ། ཛ་དྲག་ཅིང་དཀའ་ཚེགས་ཆེ་བ་དང་ཉེན་ཁ་ཆེ་བའི་ལས་དོན་ཡག་པོ་བསྒྲུབས་པ་བཅས་བྱས་པས་མང་ཚོགས་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།  སྡེ་ཁུལ་དུ་ཕྱག་ལས་གནང་བའི་ལོ་བདུན་ཙམ་གྱི་དུས་ཚོད་དེའི་རིང་། སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་རྒྱུན་དུ་མང་ཚོགས་ཁྲོད་དུ་གཤམ་སྐྱོད་གནང་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་རོགས་གནང་གི་ཡོད།  ཁོང་གིས་རང་འགུལ་ངང་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་བཞི་དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཏེ། ལོ་ལྟར་ཁོང་ཚོར་འབྲས་དང་གྲོ་ཞིབ། སྣུམ་སོགས་འཚོ་བའི་དངོས་ཟོག་དང་འཚམ་འདྲིའི་དངུལ་སྤྲོད་ཀྱི་ཡོད་པ་དང་།  རྒྱུན་དུ་ཁོམ་པ་བྱུང་རིམ་བཞིན་དཀའ་ངལ་ཡོད་པའི་ཁྱིམ་ཚང་དུ་བསྐྱོད་དེ་ཁོང་ཚོར་ཁང་པར་བསྡུ་གསོག་རྒྱག་རོགས་དང་།  ཁང་པའི་ནང་གཙང་སྦྲ་བྱེད་རོགས།  གྱོན་གོས་འཁྲུ་རོགས། ཟ་མ་བཟོ་རོགས་སོགས་གནང་གི་ཡོད།  

 


       གྲྭ་བཞི་སྡེ་ཁུལ་གྱི་ཏང་ཀྲེ་པུའུ་ཡི་ཧྲུའུ་ཅི་གནང་རིང་། སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་སྡེ་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིའི་སྣེ་ཁྲིད་དེ་སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་བྱས་ཡོད་ཅིང་། ཁོར་ཡུག་སྲུང་སྐྱོབ་ཀྱི་བསང་ཁུག་ཇུས་འགོད་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་དྲིལ་བསྒྲགས།  བསང་ཁུང་བསྒྱུར་བཀོད་སོགས་ཀྱི་བྱ་ཐབས་བཟུང་སྟེ་དགོན་པའི་བསང་གསོལ་བྱེད་སྟངས་ཚད་ལྡན་བཟོས་ཡོད། ད་ཆ། གྲྭ་བཞི་སྡེ་ཁུལ་གྱི་མཁའ་རླུང་ལེགས་སུ་སོང་བ་དང་།  གྲོང་མིས་ཀྱང་ཉེ་འཁོར་གྱི་རྩི་ཤིང་གཅོད་ཚད་ཉུང་དུ་ཤུགས་ཆེན་ཕྱིན་ཡོད།  སྐལ་བཟང་ཆོས་སྒྲོན་ལགས་ཀྱིས།  རི་རླུང་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག  གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པས་ང་ཚོས་རང་ཉིད་ཀྱི་ཁྱིམ་གཞིས་ལ་བདག་སྐྱོང་བྱེད་དགོས་ཞེས་གསུངས་ཡོད། 


 


       སྤྱི་ལོ་༢༠༡༩ལོར། གྲྭ་བཞི་སྡེ་ཁུལ་གྱི་ལྷོ་བྱང་ཁུལ་གཉིས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྒྱུར་བཀོད་བྱེད་པའི་ལས་གྲྭ་འགོ་ཚུགས་པ་དང་། སྲིད་གཞུང་གིས་མ་འཇོག་སྒོར་བྱེ་བ་གཉིས་བྱས་པའི་རྨང་གཞིའི་ཐོག  གྲོང་མི་སོ་སོས་ད་དུང་སྒོར་ས་ཡ་གཅིག་གྲབས་གསོག་བྱེད་དགོས་ཀྱི་ཡོད། སྐབས་དེ་དུས་སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་འཕྲལ་དུ་ཐེམ་དུད་རེ་རེ་བཞིན་དྲིལ་བསྒྲགས་སྐུལ་སློང་གནང་བར་ཕེབས་པས་དུས་ཐུང་ཉིན་ལྔའི་ནང་ཚུན་དུ་མ་དངུལ་གྲབས་གསོག་བྱེད་པའི་ལས་འགན་ལེགས་གྲུབ་བྱུང་ཡོད། གྲོང་མིའི་དགོས་མཁོར་གཞིགས་ནས་ཁོང་དང་སྡེ་ཁུལ་གྱི་ཨུ་ལྷན་གཉིས་ནས་གྲོས་མོལ་གནང་རྗེས། གྲོང་མིའི་སྡོད་ཁུལ་དུ་རླངས་འཁོར་འཇོག་ས་བཀོད་སྒྲིག་དང་། རླངས་འཁོར་དལ་གཏོང་སྒྲིག་ཆས་བསྒར་ཡོད། སྲང་ལམ་ལ་རྒྱབ་གཏད་གྱང་སྟེང་དུ་ཏང་འཛུགས་རིག་གནས་དང་དམངས་སྲོལ་རིག་གནས་སོགས་ཀྱི་དྲིལ་བསྒྲགས་སྒྲོམ་བྱང་བཟོས་ནས་འཚོ་བའི་ཁོར་ཡུག་སྐྱིད་སྣང་དོད་དུ་བཏང་ཡོད་པ་རེད།


 


       རྒྱུན་དུ་དུས་ཆེན་འཆར་རིམ་བཞིན། སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་ང་ནི་རུ་དཔོན་ཡིན་པས་ངེས་པར་དུ་ལས་གནས་ཐོག་སྡོད་དགོས་ཞེས་རྒྱུ་མཚན་དུ་བྱས་ནས་ངལ་གསོའི་དུས་ཚོད་ཚང་མ་རུ་མི་ཚོར་སྤྲད་དེ་རང་ཉིད་ལས་གནས་བརྟན་སྲུང་གནང་ནས་བཞུགས་ཀྱི་ཡོད། མིག་སྔའི་བར། ཁོང་ལོ་དྲུག་ཏག་ཏག་ནང་མི་ཚོ་དང་མཉམ་འཛོམས་བྱུང་མེད། གྲོང་ཚོར་བཅའ་སྡོད་རིང་གི་ལས་ཀའི་གྲུབ་འབྲས་གཡུར་དུ་ཟ་བས། ཁོང་ལ་སྤྱི་ལོ་༢༠༡༦དང་སྤྱི་ལོ་༢༠༢༠ལོར་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིའི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།



 

       ཁྱིམ་ཚང་ཁྲི་སྟོང་མང་པོའི་ཆེད་དུ། དཀའ་བ་དང་དུ་བླངས་ནས་མདུན་དུ་སྐྱོད། སྐལ་བཟང་ཆོས་སྒྲོན་ལགས་ཀྱིས་དུས་དང་རྣམ་པ་ཀུན་དུ་འགན་འཁྲི་ཡིད་ལ་བརྟན་པོ་ངེས་པ་དང་བློ་དཀར་འགན་སྒྲུབ་གནང་སྟེ་སྤྱིར་བཏང་གི་ལས་གནས་ཐོག་ཏུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་དང་འགན་སེམས་མངོན་པར་གནང་བཞིན་ཡོད། 

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1