སྙན་ངག་པ་རམས་ཚེ་བྷོའི་སྙན་དེབ་《ཞིང་གྲོང་གི་འགྱུར་ཁུགས།》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-03


 

             ཉེ་ཆར། 2015ལོའི་བོད་ཀྱི་དུས་རབས་ཉེར་གཅིག་པའི་རྩོམ་པ་པོའི་དེབ་ཕྲེང་དེ་མི་འགྱངས་པར་ཀློག་པ་པོ་དག་གི་སྤྱན་སྔར་དགྲམ་རྩིས་ཡོད་ཅིང་། དེའི་ནང་དུ་བོད་ཀྱི་ཞིང་གྲོང་གི་སྙན་ངག་པའམ་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱིའི་མགོ་བ་རམས་ཚེ་བྷོ་ལགས་ཀྱི་《ཞིང་གྲོང་གི་འགྱུར་ཁུགས།》ཞེས་པའི་སྙན་ངག་གི་དེབ་ཅིག་ཡོད། 

            སྙན་ངག་པ་རམས་ཚེ་བྷོ་ནི་བོད་ཀྱི་སྐད་དང་ཡི་གེར་བརྩེ་བ་བརྟན་ཞིང་སྒོས་སུ་ཞིང་གྲོང་གི་འཚོ་བར་དུངས་ཞེན་ཟབ་པའི་མི་ཞིག་ཡིན་པས། ཁོང་གི་སོར་རྩེ་ནས་འཁྲུངས་པའི་སྙན་ངག་དག་གི་འཇུག་ངོགས་ཀྱི་གྲུ་ལ་བསྡད་དེ་རྟོག་ལྗོངས་ལ་ཁམས་གཡེང་དུ་སྐྱོད་ཚེ། དེ་རུ་ལྷོད་ཀྱི་ལེར་ཡོད་པའི་ཞིང་གྲོང་གི་སྟོན་ཀའམ་འཛུམ་ཀོར་སེ་ཡོད་པའི་ཞིང་གྲོང་གི་བུ་མོའི་གཤིས་ཀ ཡང་ན་རི་མགོ་རུ་སྤྲིན་པ་འདྲེས་བཞིན་པའི་སྟོང་ལུག་ཅིག་གི་བཞུར་སྟངས་དང་ཆུ་འགྲམ་ན་རྐང་རྗེན་དུ་རྩེན་པའི་བྱིས་པ་འགའ་ཡི་རྩེ་མོ་སོགས་མིག་ལ་འགུལ་རྒྱུ་ཡོད་པ་དང་། རྣ་ལ་ཐོས་རྒྱུ་ཡོད་པའི་སྣང་བརྙན་གསོན་པོ་ཕ་སྐད་མ་ཡིག་གི་ལམ་ནས་བཞེངས་ཡོད། དེར་བརྟེན་ཁྱོད་ལ་ཡང་ཕ་ཡུལ་དྲན་པའི་འདུན་པ་འགོག་མེད་ཅིག་སྐྱེས་སུ་འཇུག་སྲིད་པའམ་ཡང་ན་ཕ་ཡུལ་དྲན་དགོས་པའི་སྐུལ་མ་ནན་གྱིས་གཏོང་བར་བྱེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1