༄༅། །དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་འགན་འཁྲི་བདའ་འདེད་བྱེད་སྟངས།༼༦༽

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-07


 

     ལེའུ་བཞི་པ། གཙོ་ཕྱོགས་ཀྱི་ལག་ལེན།     དོན་ཚན་བཅུ་བདུན་པ།ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བཀོད་འདོམས་པུའུ་ཡིས་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་འགན་འཁྲི་བརྟག་དཔྱད་བྱེད་མཁན་ཚོ་ཆུང་བཙུགས་ནས།ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་ནང་དུ་འགན་འཁྲི་བདའ་འདེད་བྱེད་དགོས་པའི་སྤྱོད་ཚུལ་ལ་བརྟག་དཔྱད་ཞིབ་བསྡུར་བྱེད་འགན་འཁུར་ནས་བསྐོ་འཐེན་ལས་ཁུངས་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ལ་མཐུན་སྦྱོར་བྱས་ནས་འགན་འཁྲི་བདའ་བདེད་ཀྱི་འབྲེལ་ཡོད་ལས་ཀ་ཡག་པོ་སྒྲུབ་དགོས།

     དོན་ཚན་བཅོ་བརྒྱད་པ།གྲོང་སྡེ་རིམ་པའི་འགན་འཁྲི་བདའ་འདེད་ནི་རྫོང་རིམ་པའི་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་འགན་འཁྲི་བརྟག་དཔྱད་ཚོ་ཆུང་དང་ཤང(གྲོང་རྡལ།)ཏང་ཨུ་དང་ཤང(གྲོང་རྡལ།)མི་དམངས་སྲིད་གཞུང་གིས་བརྟག་དཔྱད་ཞིབ་བསྡུར་བྱས་མཐར།ཐོག་མའི་བསམ་འཆར་བཏོན་ནས་རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་དམངས་སྲིད་ཅུས་ལ་བཅའ་ཁྲིམས་དང་སྲོལ་ཡིག་ལྟར་ཆད་གཅོད་བྱ་རྒྱུ་སྤྲོད་དགོས།

     དོན་ཚན་བཅུ་དགུ་པ།  ཤང(གྲོང་རྡལ།)གི་འགན་འཁྲི་བདའ་འདེད་ནི་རྫོང་རིམ་པའི་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་འགན་འཁྲི་བརྟག་དཔྱད་ཚོ་ཆུང་གིས་བརྟག་དཔྱད་ཞིབ་བསྡུར་བྱས་མཐར།ཐོག་མའི་བསམ་འཆར་བཏོན་ནས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་ལ་སྤྲད་ནས་ལས་བྱེད་པའི་དོ་དམ་དབང་མཚམས་ལ་གཞིགས་ནས་ཆད་གཅོད་བྱེད་དགོས།

     དོན་ཚན་ཉི་ཤུ་པ།རྫོང་རིམ་པའི་འགན་འཁྲི་བདའ་འདེད་ནི་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་འགན་འཁྲི་བརྟག་དཔྱད་ཚོ་ཆུང་གིས་བརྟག་དཔྱད་ཞིབ་བསྡུར་བྱས་མཐར།ཐོག་མའི་བསམ་འཆར་བཏོན་ནས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་ལ་སྤྲད་ནས་ལས་བྱེད་པའི་དོ་དམ་དབང་མཚམས་ལ་གཞིགས་ནས་ཆད་གཅོད་བྱེད་དགོས།

     ལེའུ་ལྔ་པ།ཟུར་སྣོན་དོན་ཚན།     དོན་ཚན་ཉེར་གཅིག་པ།བྱེད་ཐབས་འདིའི་ཟེར་བའི་ཡན་ཆད་ལ་དེབ་གྲངས་འདུས་ཡོད།མན་ཆད་ལ་དེབ་གྲངས་འདུས་མེད་པ་རེད།

     དོན་ཚན་ཉེར་གཉིས་པ། ནགས་ཚལ་མེ་སྐྱོན་གྱི་ཚད་གཞི་བགོས་སྟངས་ནི《ནགས་ཚལ་མེ་འགོག་སྲོལ་ཡིག》ནང་གཏན་འབེབས་བྱས་པའི་ཚད་གཞི་ལྟར་ཡིན།རྩྭ་ཐང་མེ་སྐྱོན་གྱི་ཚད་གཞི་བགོས་སྟངས་ནི《ཞིང་ལས་སྡེ་ཁག་གིས་པར་ནས་བཀྲམ་པའི〈རྩྭ་ཐང་མེ་སྐྱོན་གྱི་རིམ་པ་བགོས་སྟངས་ཀྱི་ཆོད་དོན〉བརྡ་ཐོ》(ཞིང་འབྲོག་ཡིག་ཆ(2010)ཨང7པའི)ཚད་གཞི་ལྟར་ཡིན།     དོན་ཚན་ཉེར་གསུམ་པ།བྱེད་ཐབས་འདི་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།ཁུལ་ཨུའི་རྩ་འཛུགས་པུའུ།ཁུལ་དམངས་སྲིད་ཅུས།ཁུལ་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུས།ཁུལ་ཕྱུགས་འབྲོག་ཅུས།ཁུལ་ནགས་ལས་ཅུས་བཅས་འགྲེལ་བཤད་བྱེད་འགན་འཁུར་རྒྱུ་རེད།

     དོན་ཚན་ཉེར་བཞི་པ། བྱེད་ཐབས་བཀྲམ་པ་ཉིན་ལག་ལེན་བྱེད་པ་དང་ཆབས་ཅིག《དཀར་མཛེས་ཁུལ་ནགས་ཚལ་མེ་འགོག་འགན་འཁྲི་བདའ་འདེད་ཀྱི་གནས་སྐབས་ཆོད་དོན》གོ་མི་ཆོད་པ་བཟོས་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1