༄༅། །ཁྲིམས་འགལ་གྱིས་མ་དངུལ་རུབ་བསྡུས་ཀྱི་རྒྱུན་མཐོང་གི་ཐབས་ཤེས་གང་དག་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-07


༡ ཁེ་བཟང་མཐོན་པོ་སྦྱིན་རྒྱུ་ཁས་ལེན་པ།

ཁྲིམས་འགལ་ཉེས་ཅན་གྱིས་མང་ཚོགས་གཡོ་འོག་ཏུ་ཚུད་ཆེད།དཀའ་སྤྱོད་མ་བྱས་ནས་ཕྱུག་པོར་འགྱུར་བ་དང་།སྐད་ཅིག་ཉིད་དུ་ཕྱུག་པོ་འགྱུར་བའི་ལྷ་སྒྲུང་བརྩོམ་ནས།དྲག་ཤུགས་ཀྱིས་མ་དངུལ་གཏོང་འཇོག་བྱ་མཁན་ལ་ཁེ་བཟང་ཆེན་པོ་སྦྱིན་རྒྱུ་ཁས་ལེན་པ་དང་སླུ་བྲིད་བྱེད་པ།མི་མང་དེའི་ནང་དུ་ཞུགས་པ་དང་མ་དངུལ་རུབ་བསྡུས་བྱེད་པ་སླུ་བྲིད་བྱེད་ཆེད།ཁྲིམས་འགལ་གྱིས་མ་དངུལ་རུབ་བསྡུས་བྱེད་མཁན་གྱིས་རུབ་བསྡུས་བྱེད་པའི་དང་ཐོག་ལ།དུས་ཐོག་ཏུ་ཁས་ལེན་པའི་མ་སྐྱེད་གཉིས་ཁ་འཚང་བའི་དངུལ་གྲངས་སྦྱིན་པ།མ་དངུལ་རུབ་བསྡུས་གཞི་ཁྱོན་ངེས་ཅན་ཞིག་ལ་ཐོན་རྗེས།ལྐོག་ནས་མ་དངུལ་སྤོ་བའམ་ཁྱེད་ནས་བྲོས་ཏེ།མ་དངུལ་རུབ་བསྡུས་ནང་དུ་ཞུགས་མཁན་ལ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་ཐེབས་པ་རེད།

༢ རྣམ་གྲངས་རྫུན་མ་འགོད་པ།

ཁྲིམས་འགལ་ཉེས་ཅན་གྱིས་ཁྲིམས་མཐུན་གྱི་སྤྱི་གཉེར་ཁང་དང་ཁེ་ལས་ཐོ་འགོད་བྱས་པར་བརྒྱུད།རྒྱལ་ཁབ་ཐོན་ལས་སྲིད་ཇུས་དང་ལེན་དང་།ཞིང་སྡེའི་གསར་པའི་འཛུགས་སྐྲུན་རྒྱབ་སྐྱོར།དཔལ་འབྱོར་རིག་གཞུང་ལག་ལེན་བསྟར་བ་སོགས་ལ་ཁ་གཡར་ནས།ཚོང་གཉེར་བྱས་པའི་རྣམ་གྲངས་དེ།སྲོལ་རྒྱུན་གྱི་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བ་ནས་ལག་རྩལ་མཐོ་གསར་གསར་སྤེལ་དང་།མ་དངུལ་རུབ་བསྡུས་བྱས་ནས་ཁང་པ་འཛུགས་པ།མ་དངུལ་གཏོང་འཇོག་དང་མ་རྐང་ནང་དུ་ཞུགས་པ།ཚོང་རྗེས་ཕྱི་གཡར་བྱེད་པ་སོགས་སུ་འཕེལ་རྒྱས་གཏོང་བའི་ནང་དོན་ཡོད།ནག་རྒྱ་འཇོག་རྒྱུ་དེ་ཁ་གཡར་ས་བྱས་ནས།རྣམ་གྲངས་རྫུན་མ་འགོད་པ།ཁེ་བཟང་མཐོན་པོའི་ཡོང་སྒོ་སོགས་ཁས་ལེན་ནས།སྤྱི་ཚོགས་ཀྱི་མང་ཚོགས་མ་དངུལ་གཏོང་འཇོག་བྱེད་རྒྱུ་སླུ་བྲིད་བྱེད་པ།ཁྲིམས་འགལ་ཉེས་ཅན་ཁ་ཤས་ཀྱིས་དངུལ་དོན་དོ་དམ་མངགས་བཅོལ་བྱེད་རྒྱུ་ལ་ཁ་གཡར་ནས།རྐང་བཙུགས་ཏེ་མ་དངུལ་གཏོང་འཇོག་དང་དངུལ་དོན་དོ་དམ་གྱི་མཚན་ཉིད་གོ་ནོར་བཅུག་པ།གློག་རྡུལ་གྱི་གསེར་དང་།གཏོང་འཇོག་གི་མ་དངུལ།དྲ་བས་དངུལ་ཉོ།གློག་རྡུལ་ཚོང་དོན་སོགས་ཀྱི་མིང་ཚིགས་གསར་པས་སྤྱི་ཚོགས་ཀྱི་མང་ཚོགས་སླུ་བྲིད་གཏོང་བ།ཚད་མཐོ་བའི་ཁེ་བཟང་སྦྱིན་རྒྱུ་ཁས་ལེན་ནས།སྤྱི་ཚོགས་མང་ཚོགས་ཀྱིས་མ་དངུལ་གཏོང་འཇོག་བྱ་རྒྱུ་སླུ་བྲིད་བྱེད་པ།

༣ དྲིལ་བསྒྲགས་རྫུན་མས་གཞི་ཁྱོན་ཆེ་རུ་གཏོང་བ།

ཁྲིམས་འགལ་ཉེས་ཅན་གྱིས་སྤྱི་ཚོགས་མང་ཚོགས་ཀྱི་ཡིད་ཆེས་བྱུང་རྒྱུ་ལ་སླུ་བྲིད་བྱས་ཏེ།དྲིལ་བསྒྲགས་བྱེད་དུས་ཕལ་ཆེར་བག་མེད་ལོངས་སྤྱོད་བྱེད་པ།སྐད་གྲགས་ཡོད་པའི་འཁྲབ་སྟོན་པ་གདན་ནས་མགྲོན་ཚབ་བྱེད་པ།སྐད་གྲགས་ཡོད་པའི་དུས་དེབ་དང་ཚགས་པར་གྱི་སྟེང་དུ་ཆེད་དོན་རྩོམ་ཡིག་འགོད་པ།མི་གླ་ནས་བསྒྲགས་ཡིག་རྒྱལ་ཁྱབ་བཀྲམ་པ།སྤྱི་ཚོགས་ལ་འབུལ་བ་སོགས་ཀྱི་ཐབས་ཤེས་སྤྱོད་དེ།དྲིལ་བསྒྲགས་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས།གཞི་ཁྱོན་རྫུན་མ་བྱས་ཏེ།སྤྱི་ཚོགས་མང་ཚོགས་ཀྱིས་མ་དངུལ་གཏོང་འཇོག་གཡོ་ལེན་བྱེད་པ།ཁྲིམས་འགལ་ཉེས་ཅན་ཁ་ཤས་ཀྱིས་དྲ་ཚིགས་རྫུན་བཀོད་ཀྱི་གནས་བེད་སྤྱོད་བྱས་ཏེ་དྲ་ཚིགས་ས་གནས་གཞན་དུ་འཛུགས་པའམ་ཕྱི་རྒྱལ་གྱི་ཞབས་ཞུའི་དྲ་བ་གཡར་ནས་དྲ་ཚིགས་འཛུགས་པ།ཁ་ཤས་ཀྱིས་དྲ་ཚིགས་དང་པོད་ཁུག གླེང་སྟེགས་སོགས་དྲ་བའི་སྟེགས་བུ་དང་།QQMSNསོགས་དུས་ཐོག་ཏུ་འཕྲིན་སྐྱེལ་བའི་ལག་ཆས་བེད་སྤྱོད་བྱས་ཏེ།བརྡ་འཕྲིན་རྫུན་མ་སྤེལ་ནས།སྤྱི་ཚོགས་མང་ཚོགས་ཀྱིས་མ་དངུལ་གཏོང་འཇོག་བྱེད་རྒྱུ་སླུ་ལེན་བྱེད་པ།ཞིབ་བཤེར་བྱས་མ་ཐག་ནས་བཀོལ་སྤྱོད་ཚད་མ་ཐུན་མིན་པ་ཁ་གཡར་ནས།མགྱོགས་མྱུར་དུ་དྲ་ཚིགས་རྒྱག་སྟེ།སྒོར་མོ་ཁྱེར་ནས་བྲོས་བ།

༤ གཉེར་ཉེ་བེད་སྤྱོད་བྱས་ནས་སླུ་ལེན་བྱེད་པ།

ཁྲིམས་འགལ་ཉེས་ཅན་གྱིས་གཉེན་ཉེ་དང་གྲོགས་པོ།ཕ་ཡུལ་སོགས་ཀྱི་འབྲེལ་བ་བེད་སྤྱོད་བྱས་ཏེ།ཁེ་བཟང་མཐོན་པོ་ཕར་སྦྱིན་བའི་སླུ་བྲིད་བྱས་ཏེ། སྤྱི་ཚོགས་མང་ཚོགས་མ་དངུལ་གཏོང་འཇོག་ནང་དུ་ཞུགས་བཅུག་པ།བརྒྱུད་འཚོང་ནང་དུ་ཞུགས་མཁན།བརྒྱུད་འཚོང་རྩ་འཛུགས་ཀྱི་བསམ་བློ་སློབ་གསོ་དང་མི་ལུས་བཙན་ཤེད་ཀྱི་འོག་ཏུ།རང་ཉིད་ཀྱི་བྱས་རྗེས་ལེགས་འགྲུབ་དང་ཕར་སྣོན་འབྱུང་ཆེད།གཉེན་ཉེ་དང་།ས་གནས་ཀྱི་འབྲེལ་བ་བེད་སྤྱོད་བྱས་ཏེ།གཉེ་ཉེ་དང་།སློབ་གྲོགས།ཁྱིམ་མཚེས་སོགས་སླུ་བྲིད་བྱས་ཏེ་ནང་དུ་ཞུགས་བཅུག་པ།ནང་དུ་ཞུགས་པའི་མི་སྣ་རིམ་བཞིན་རྒྱ་ཁྱབ་འགྲོ་བ་དང་།མ་དངུལ་རུབ་བསྡུས་ཀྱི་གཞི་ཁྱོན་མུ་མཐུད་རྒྱ་སྐྱེད་གཏོང་བ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1