གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༤ཚེས་༠༨ཉིན།

བོད་ལུགས་གསོ་རིག་སློབ་གླིང་གི་དཔེ་མཛོད་ཁང་དེ་འཛམ་གླིང་གི་བོད་ལུགས་གསོ་རིག་ཆ་འཕྲིན་ལྟེ་གནས་ཆེ་ཤོས་སུ་འཛུགས་སྐྲུན་བྱ་བའི་འཆར་གཞི་ཡོད།

        ཉེ་ཆར། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་སློབ་གླིང་དཔེ་མཛོད་ཁང་གི་འགན་འཁུར་བ་རྡོ་རྗེ་སྒྲོལ་དཀར་གྱིས་ངོ་སྤྲོད་གནང་བ་ལྟར་ན། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་སློབ་གླིང་གི་གནའ་དཔེ་ཡིག་ཚགས་བཅོས་སྒྲིག་རྣམ་གྲངས་ཚོགས་ཆུང་གིས་དུས་ཡུན་ལོ་10བེད་སྤྱད་ནས་དཔེ་མཛོད་ཁང་དེ་འཛམ་གླིང་ཐོག་བོད་ལུགས་གསོ་རིག་དང་། གནམ་རིག་སྐར་རྩིས་ཀྱི་གནའ་དཔེ་ཆ་འཕྲིན་ལྟེ་གནས་ཆེ་ཤོས་སུ་བསྐྲུན་རྒྱུ་ཡིན་པ་རེད། རྣམ་གྲངས་དེ་ནི་ད་བར་རྒྱལ་ནང་དུ་བསྡུ་རུབ་དང་། བཅོས་སྒྲིག་གི་གཞི་ཁྱོན་ཆེ་ཤོས་ཡིན་པའི་བོད་ཀྱི་གསོ་བ་རིག་པའི་གནའ་དཔེའི་གློག་རྡུལ་གྲངས་མཛོད་དུ་བཅུག་པ་ཞིག་ཡིན་པ་དང་། སྤྱི་ལོ་2013ལོར་རྒྱལ་ཁབ་དཔེ་སྐྲུན་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་སྐྱོར་བྱས་པའི་རྣམ་གྲངས་དེར་མ་དངུལ་སྒོར་བྱེ་བ་1དང་ས་ཡ་1བཏང་ཡོད་པ་རེད།

        དཔེ་མཛོད་ཁང་དེའི་ནང་མིག་སྔར་དཔེ་ཆ་ལྔ་ཁྲི་6000ཉར་ཚགས་བྱས་ཡོད་པ་དང་། དེའི་ནང་། བོད་ལུགས་གསོ་རིག་དང་། བོད་སྨན། གནམ་རིག་སྐར་རྩིས། མི་སྣའི་རྣམ་ཐར་སོགས་ཀྱི་དཔེ་ཆ་བཅས་ཚུད་ཡོད། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་སློབ་གླིང་ཞིབ་འཇུག་ཚོགས་པས་དུས་ཡུན་ལོ་4རིང་རྩ་ཆེའི་བོད་ལུགས་གསོ་རིག་གནའ་དཔེ་ཡིག་ཚགས་བམ་པོ་ཁག་880ལྷག་ཙམ་བསྡུ་རུབ་བྱས་ཡོད་པ་དང་། བསྡུ་རུབ་ཐུབ་པའི་གནའ་དཔེ་ཡིག་ཚགས་དེ་དག་གཅིག་རྗེས་གཉིས་མཐུད་ངང་བཅོས་སྒྲིག་བྱས་ནས་པར་སྐྲུན་བྱ་རྒྱུ་དང་སྦྲགས་མཚོ་སྔོན་དང་། ཡུན་ནན། ཀན་སུའུ། སི་ཁྲོན་སོགས་སུ་བསྐྱོད་དེ་མུ་མཐུད་བོད་ལུགས་གསོ་རིག་གི་གནའ་དཔེའི་ཡིག་ཚགས་བསྡུ་རུབ་བྱ་རྒྱུ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1