སྐབས་23པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-08


           སྤྱི་ཟླ་4པའི་ཚེས་4ཉིན་གྱི་སྔ་དྲོར། སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་གནང་བ་དང་། མི་དམངས་དྲ་བ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་། པེ་ཅིང་ལུས་རྩལ་སློབ་ཆེན་བཅས་ཀྱིས་རོགས་སྒྲུབ་གནང་བའི་སྐབས་23པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས། འགོ་འཛུགས་མཛད་སྒོའི་ཉིན། ཅིང་སྡོད་བོད་མི་སྟེ་རྒྱལ་སའི་མཐོ་སློབ་ཁག་གི་བོད་རིགས་སློབ་མ་དང་བོད་འབྲེལ་ལས་ཁུངས་ཁག་གི་བོད་རིགས་ལས་སྒྲུབ་མི་སྣ་སོགས་བོད་རིགས་སྤུན་ཟླ་700ལྷག་ཙམ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་གཟེབ་གྲུག་འགྲན་བསྡུར་བྱ་ཡུལ་དུ་འཛོམས།


      ཐེངས་འདིའི་འགྲན་ཚོགས་ནང་ཞུགས་པའི་རུ་ཁག་ཁྱོན་བསྡོམས་44ཡོད་པ་དང་། དེའི་ནང་མི་དམངས་དྲ་བ་དང་ཀྲུང་དབྱང་མི་དམངས་ཀུན་ཁྱབ་གློག་འཕྲིན་ལས་ཁུངས་གཉིས་ཀྱི་མཉམ་འབྲེལ་རུ་ཁག་(སྨྱན་སྦྱོར་མཉམ་འབྲེལ་རུ་ཁག)དང་།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རུ་ཁག  ཀྲུང་གོའི་མི་རིགས་ལོ་ཙཱ་ཅུས་ཀྱི་རུ་ཁག  མི་རིགས་དཔེ་སྐྲུན་ཁང་གི་རུ་ཁག་བཅས་བཞི་ཡོད་ལ། སློབ་མའི་ཚོགས་ཆུང་གི་ནང་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་དང་། པེ་ཅིང་ལུས་རྩལ་སློབ་ཆེན། པེ་ཅིང་ནོར་དཔལ་སློབ་ཆེན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་བཅས་ཀྱི་སྐྱེས་པའི་རུ་ཁག་28། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། པེ་ཅིང་མཁའ་འགྲུལ་མཁའ་བསྐྱོད་སློབ་ཆེན། པེ་ཅིང་བོད་ལྗོངས་མཐོ་འབྲིང་། རྒྱལ་སའི་དགེ་འོས་སློབ་ཆེན། པེ་ཅིང་ཕྱི་སྐད་སློབ་ཆེན་བཅས་ཀྱི་སྐྱེས་མའི་རུ་ཁག་12བཅས་ཁྱོན་བསྡོམས་རུ་ཁག་40ཡོད་པ་རེད།

       ཐེངས་འདིའི་འགྲན་བསྡུར་གྱི་དུས་ཡུན་ཟླ་གཅིག་ཡིན་ལ་རུ་ཁག་སོ་སོས་རང་རང་གི་ཁྱད་དུ་འཕགས་པའི་ནུས་རྩལ་བཏོན་ནས་སྲོང་བཙན་སྐྱེས་བུམ་གྱི་བྱ་དགའ་བརྩོན་ལེན་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1