ལྷ་ས་ནས་ས་ཆ་འདི་དག་བར་གྱི་མེ་འཁོར་གཏོང་འགོ་ཚུགས་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-03



 

     བོད་རང་སྐྱོང་ལྗོངས་ཀྱི་ལས་ཐོན་བསྐྱར་ཚུགས་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུའི་བཀོད་སྒྲིག་ལྟར། ལྕགས་ལམ་སྡེ་ཁག་གིས་ཟླ་10ཚེས་31ཉིན་ནས་བཟུང་། ལྷ་ས་ནས་ཧྲང་ཧའེ་བར་གྱི་མེ་འཁོར་Z166སླར་གསོ་བྱས་ཡོད་པ་དང་། ཟླ་11ཚེས་3ཉིན་ནས་བཟུང་། ལྷ་ས་ནས་ཁྲེན་ཏུའུ་བར་གྱི་མེ་འཁོར་Z4324སླར་གསོ་བྱ་རྒྱུ། ཟླ་11ཚེས་4ཉིན་ནས་བཟུང་། ལྷ་ས་ནས་ཁྲུང་ཆིང་བར་གྱི་མེ་འཁོར་Z4224སླར་གསོ་བྱ་རྒྱུ་རེད། མེ་འཁོར་སྤ་སེ་སྔོན་ཚོང་བྱེད་པའི་དུས་ཚོད་ཉིན་3ཡིན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་གོ་རིམ་ལྡན་པ་དང་། བདེ་འཇགས་ངང་བོད་ལྗོངས་ནས་ཁ་བྲལ་ཐུབ་ཆེད། སྤ་སེ་ཚོང་ས་ཁག་ནས་བཙོང་རྒྱུ་རེད། དེ་དང་དུས་མཚུངས་སུ། ལྕགས་ལམ་སྡེ་ཁག་གིས་ཆེད་སྤྱོད་མེ་འཁོར་གཏོང་རྒྱུ་སོགས་ཀྱི་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་རེད།

     རིམས་འགོག་གི་བླང་བྱ་ལྟར། སྤ་སེའི་ཁ་གྲངས་དེ་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་གི་མི་འབོར་གྱི་གཞི་གྲངས་ལྟར་གཅིག་གྱུར་བགོ་འགྲེམ་བྱ་རྒྱུ་ཡིན་པས། བོད་ལྗོངས་ནས་འགྲོ་དགོས་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་དུས་ཐོག་ཏུ་རང་ས་གནས་ཀྱི་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་། སྡེ་ཁུལ་དང་འབྲེལ་བ་བྱས་ཏེ། ཐོ་འགོད་དང་སྔོན་མངགས་བྱ་དགོས་པར་མ་ཟད། ཕྱི་ལ་འགྲོ་བའི་གྲ་སྒྲིག་ཡག་པོ་བྱ་དགོས།

     མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་འབབ་ཚུགས་ནས།

     2022ལོའི་ཟླ་10ཚེས་31ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1