མཚོ་བོད་ལྕགས་ལམ་ལོ་5ཡི་ནང་བལ་ཡུལ་དུ་སླེབས་ཐུབ་པར་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-08


བལ་ཡུལ་གྱི་སྲིད་འཛིན་ཡ་ཏ་ཧྥུ།

མཚོ་བོད་ལྕགས་ལམ།

         ཉེ་ཆར། བལ་ཡུལ་ཕྱི་འབྲེལ་པུའུ་ཡིས་སྤྱི་བསྒྲགས་བྱས་པ་ལྟར་ན། ཀྲུང་གོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་སུ་འཚམས་འདྲིར་ཕེབས་པའི་བལ་ཡུལ་གྱི་སྲིད་འཛིན་ཡ་ཏ་ཧྥུ་ལགས་ལ། མཚོ་བོད་ལྕགས་ལམ་དེ་གཞིས་ཀ་རྩེ་ནས་སྤྱི་ལེ་540ཇེ་རིང་དུ་བཞག་སྟེ། 2020ལོར་ཀྲུང་བལ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སྐྱིད་ལུང་དུ་སླེབས་ཐུབ་པར་བྱ་རྒྱུ་ཡིན་ཞེས་གསུངས།

         བལ་ཡུལ་གྱི་སྲིད་འཛིན་ཡ་ཏ་ཧྥུ་ལགས་སྤྱི་ཟླ་3པའི་ཟླ་མཇུག་ཏུ་ཀྲུང་གོའི་ཧའེ་ནན་གྱི་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་2015ལོའི་ལོ་ཚོགས་སུ་ཞུགས། སྐབས་དེར་ཀྲུང་གོའི་ཁུལ་གཅིག་ལམ་གཅིག་གི་འཆར་གཞི་འགོ་མ་དེ་འདོན་སྤེལ་བྱ་བཞིན་ཡོད་ལ། འཆར་གཞིའི་ནང་དུ་བོད་ལྗོངས་དང་བལ་ཡུལ་སོགས་རྒྱལ་ཁབ་ཀྱི་མཐའ་མཚམས་ཉོ་ཚོང་དང་ཡུལ་སྐོར་རིག་གནས་མཉམ་འབྲེལ་ལ་སྐུལ་སྤེལ་གཏང་རྒྱུ་ཡིན་ཞེས་བཀོད་ཡོད། སྤྱི་ཟླ་3པའི་ཚེས་29ཉིན་ནས་སྤྱི་ཟླ་4པའི་ཚེས་1ཉིན་གྱི་བར། ཡ་ཏ་ཧྥུ་བོད་ལྗོངས་སུ་འཚམས་འདྲིར་ཕེབས་པ་དང་འདི་ནི་ཡ་ཏ་ཧྥུ་བོད་ལྗོངས་སུ་འཚམས་འདྲིར་ཕེབས་ཐེངས་གཉིས་པ་དེ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1