གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༤ཚེས་༠༩ཉིན།

ཞི་ཅིན་ཕིང་གིས་ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་གོར་འཚམས་འདྲི་ལ་ཕེབས་པར་དགའ་བསུ་ཞུས།

         སྤྱི་ཟླ་4པའི་ཚེས་7ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོ་ཐང་ཆེན་དུ་མཛད་སྒོ་སྤེལ་ནས། ཝེད་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་རང་རྒྱལ་དུ་ཕེབས་ནས་དངོས་སུ་འཚམས་འདྲི་གནང་བར་དགའ་བསུ་ཞུས། 

         དམག་དཔུང་རོལ་དབྱངས་རུ་ཁག་གིས་ཝེད་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་། གུས་སྒྱོགས་ཐེངས་མ་ཉེར་གཅིག་འཕངས། རོན་ཧྥུའུ་ཀྲུང་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གསུམ་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་བྱས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་གཟིགས་ཞིབ་སྟེགས་བུའི་ཐོག་ནས་གཟབ་སྦྲེང་རུ་ཁག་གི་རུ་སྟར་འཁྲབ་སྟོན་ལ་གཟིགས། དེ་རྗེས། དམག་དཔུང་རོལ་དབྱངས་རུ་ཁག་གིས་རོལ་དཀྲོལ་འཁྲབ་སྟོན་བྱས། རོན་ཧྥུའུ་ཀྲུང་གིས་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་རང་རྒྱལ་ལ་དངོས་སུ་འཚམས་འདྲི་ཞུས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1