ལུའུ་ཧྲན་ས་འགུལ་བྱུང་ནས་ལོ་འཁོར་གཉིས་རྗེས་ཀྱི་དེ་རིང་གནོད་ཁུལ་མང་ཚོགས་ཀྱིས་འཚོ་བ་གསར་པ་རོལ་བཞིན་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-09


              2015ལོའི་སྤྱི་ཟླ་4པའི་ཚེས་20ཉིན་ནི་ལུའུ་ཧྲན་ས་འགུལ་ཆེན་པོ་བྱུང་ནས་ལོ་འཁོར་2འགོར་བའི་རྗེས་དྲན་ཉིན་མོ་ཡིན།

              དེ་ཡང་རྗེས་དྲན་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར། རང་བྱུང་གནོད་འཚེ་ཡི་འཇིགས་པ་ཡལ་ནས་ལོ་འཁོར་གཉིས་འགོར་བའི་ལུའུ་ཧྲན་ཡུལ་ལ། བདེ་སྐྱིད་མཛེས་སྡུག་གི་གྲོང་སྡེ་གསར་པ་བསྐྲུན་ཞིང་། སྐྱེ་ཁམས་ཐོན་ལས་ལ་འཕེལ་རྒྱས་ཕྱིན། གནོད་ཐེབས་མང་ཚོགས་ས་འགུལ་གྱི་འཇིགས་པ་ལས་ཐར་ནས་ཁང་བ་གསར་པར་གཞིས་སྤར་བ་དང་། འཚོ་བ་གསར་པར་ལོངས་སུ་སྤྱོད་འགོ་བརྩམས། གོང་གི་པར་འདི་ནི་ཧྲི་མེན་རྫོང་ཝ་ཅོ་ཡུལ་ཤོག་ཆི་ལི་པཱ་གྲོང་སྡེ་གསར་པའི་སྡོད་དམངས་རྣམས་ཀྱིས་དགའ་སྤྲོའི་གླུ་གར་ལ་རོལ་བཞིན་པའི་ཚུལ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1