མདོ་དབུས་མཐོ་སྒང་དུ་གནའ་བོའི་གཟི་གསར་རྙེད་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-10


གཟི་ཡི་དཔྱད་གཞིའི་འདྲ་པར།

          ཉེ་ཆར། གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་གླང་ཆེན་ཁ་འབབ་ལྷོ་རྒྱུད་གནའ་བོའི་ཞང་ཞུང་སྐབས་ཀྱི་བང་སོ་ནས་ས་རིམ་གསལ་བ་དང་ལོ་རབས་གསལ་པོ་ཡོད་པའི་གནའ་བོའི་གཟི་གསར་རྙེད་བྱུང་བ་དེ་ནི་མདོ་དབུས་མཐོ་སྒང་དུ་ཐོག་མར་ཐོན་པ་ཞིག་ཡིན་པ་རེད།

          བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་ལི་ལིན་ཧུའེ་ཡིས་དེ་ནི་བོད་ལྗོངས་ས་ཁུལ་གྱི་གཟི་ཐོན་པའི་ལོ་རབས་དང་། གཟི་དབྱིབས། གཟི་རིས་དང་དེ་བཞིན་བེད་སྤྱོད་གཏོང་ཚུལ་བཅས་ལ་རྟོག་ཞིབ་བྱ་རྒྱུར་དཔྱད་གཞི་དང་པོ་བྱུང་བར་མ་ཟད། གནའ་བོའི་ཞང་ཞུང་དུས་སྐབས་སུ་གཟི་ཡོད་པ་དང་དར་ཁྱབ་ཆེན་པོ་ཡིན་པ་ར་སྤྲོད་བྱ་ཐུབ་ཅེས་བཤད།

        བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གིས་དཔྱད་གཞི་ལས་མངོན་པ་ལྟར་ན། གསར་རྙེད་བྱུང་བའི་གཟི་དེ་ནི་མགོ་མཇུག་སྙོམས་པ་དང་། ཁུང་བུ་ཡོད་པ། རིང་ཚད་ལི་སྨི་2.85དང་། ཚངས་ཐིག་ཆེ་ཤོས་ལི་སྨི་0.9  ཁུང་བུའི་ཚངས་ཐིག་ལི་སྨི་0.2བཅས་ཡོད་འདུག

         རིགས་གཅིག་མཁས་ཅན་གྱིས་གཟི་འཇོག་ཡུལ་ལ་བལྟས་ན་རྒྱན་ཆ་ཡིན་ཤས་ཆེ་བ་དང་། མིག་སྔར་གཟི་འདོགས་མཁན་གྱི་ཕོ་མོ་དང་ལོ་གྲངས་གསལ་པོ་མི་ཤེས་མོད། བང་སོ་དང་མཉམ་དུ་ཐོན་པའི་སྐྲ་ཤད་དང་མེ་ལོང་སོགས་ཀྱི་དངོས་པོར་དཔྱད་ཚེ་གཟི་འདོགས་མཁན་བུད་མེད་ཅིག་ཡིན་སྲིད་པ་དང་སྐབས་དེའི་སྐྱེས་པ་ཚོས་ཀྱང་གཟི་འདོགས་སྲོལ་མེད་ཅེས་ཤོད་མི་ཐུབ་ཅེས་དབྱེ་ཞིབ་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1