གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༤ཚེས་༡༤ཉིན།

《དག་ཡིག་གསར་བསྒྲིགས།》དག་བཅོས་མའི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་བསྡུས།

《དག་ཡིག་གསར་བསྒྲིགས།》དག་བཅོས་མའི་འགྲེམ་སྤེལ་མཛད་སྒོ།

        ཉེ་ཆར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་གཙོ་སྒྲུབ་མཛད་པའི་རྒྱལ་ཁབ་གཙོ་གནད་དཔེ་དེབ་པར་སྐྲུན་གྱི་རྣམ་གྲངས་《དག་ཡིག་གསར་བསྒྲིགས།》དག་བཅོས་མ་དེ་འབྲེལ་ཡོད་ཆེད་མཁས་པ་དང་རྩོམ་སྒྲིག་མི་སྣས་དུས་ཡུན་ལོ་3རིང་ལ་དག་བཅོས་གནང་ནས་རྒྱ་ཆེའི་ཀློག་པ་པོའི་སྤྱན་ལམ་དུ་བཀྲམས།

 

《དག་ཡིག་གསར་བསྒྲིགས།》དག་བཅོས་མའི་འགྲེམ་སྤེལ་མཛད་སྒོ།

            སྤྱི་ཟླ་4པའི་ཚེས་11ཉིན། 《དག་ཡིག་གསར་བསྒྲིགས།》དག་བཅོས་མའི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་གྲོང་ཁྱེར་བཞི་མདོ་ཆེན་མོའི་ཞིན་ཧྭ་དཔེ་ཁང་དུ་གཟབ་རྒྱས་ངང་འཚོགས་པ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་ལས་མཁས་པ། ཀློག་པ་པོའི་འཐུས་མི་བཅས་འགྲེམ་སྤེལ་མཛད་སྒོར་ཞུགས་ཡོད།

           1979ལོར《དག་ཡིག་གསར་བསྒྲིགས།》པར་སྐྲུན་འགྲེམ་སྤེལ་བྱས་པའི་ཚུན་དུ། དེའི་ཚད་ལྡན་རང་བཞིན་དང་། བེད་སྤྱོད་རང་བཞིན། དེ་མིན་ཚིག་མཛོད་སྒྲིག་བཟོའི་སྤུས་ཀ་བཅས་ཀྱི་ཐད་ནས་སྤྱི་ཚོགས་ལས་རིགས་སོ་སོའི་ཀློག་པ་པོས་དགའ་བསུ་ཆེན་པོ་ཐོབ། བསྡོམས་པས་དེབ་ཁྲི་60དཔར་པ་དང་། སྔ་གཞུག་ཏུ་ཞིང་ཆེན་ཕྱི་ནང་གི་བྱ་དགའ་གང་མང་ཐོབ་ཅིང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཁེ་ཕན་མི་དམན་པ་བསྐྲུན་ཡོད།

 

《དག་ཡིག་གསར་བསྒྲིགས།》དག་བཅོས་མའི་དག་བཅོས་གནང་མཁན་འགྱུར་མེད་ལགས་ཀྱིས་མཛད་སྒོའི་དར་མཚོན་གཅོད་བཞིན་པ།

 

《དག་ཡིག་གསར་བསྒྲིགས།》དག་བཅོས་མའི་དག་བཅོས་བྱེད་མཁན་འགྱུར་མེད་ལགས་ཀྱིས་ཀློག་པ་པོས་ཉོས་པའི་དཔེ་ཆར་མིང་རྟགས་འགོད་བཞིན་པ།

 

《དག་ཡིག་གསར་བསྒྲིགས།》དག་བཅོས་མའི་དག་བཅོས་བྱེད་མཁན་དང་རྩོམ་སྒྲིག་པའི་མཉམ་པར།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1