ཐོན་རྫས་རིགས་40ལྷག་ཡོད་པའི་ནོར་གཞོང་ཞིག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 11-22



        སྤྱི་ཚེས་18ཉིན་གསར་འགོད་པས་ཚྭ་འདམ་གཤོངས་སའི་དཔལ་འབྱོར་རེས་འཁོར་ཚོད་ལྟ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་སྡོམ་རྩིས་གསར་ཤོས་ལ་གཞིགས་ན། མིག་སྔར་ཚྭ་འདམ་གཤོངས་ས་རུ་ཚྭ་མཚོའི་ཐོན་རྫས་རིགས་40ལྷག་ཡོད་དེ།  མ་བཅོས་ཚྭ་དང་། ལྷད་མེད་བུལ་ཏོག ལྕགས་རིགས་མའེ། ཐཱན་སྐྱུར་ལིས་སོགས་ཀྱི་ཐོན་རྫས་གཙོ་བོའི་ཐོན་ཚད་བརྟན་འཇགས་ངང་འཕར་བཞིན་ཡོད་པས།  ཀྲུང་གོའི་ཞིང་སྤྱོད་ཅ་ལུད་ཀྱི་འཐབ་ཇུས་དངོས་རྫས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་འདུག

        ཚྭ་འདམ་གཤོངས་སའི་དཔལ་འབྱོར་རེས་འཁོར་ཚོད་ལྟ་ཁུལ་ནི་མིག་སྔར་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་དང་། ཐོན་ཁུངས་ཕུན་སུམ་ཚོགས་ཤོས། མཚོ་བོད་མཐོ་སྒང་གི་མི་རིགས་ས་ཁུལ་དུ་ཡོད་པའི་དཔལ་འབྱོར་རེས་འཁོར་ཐོན་ལས་ཚོད་ལྟ་གླིང་ཁོ་ན་དེ་ཡིན་ལ། ཚོད་ལྟ་ཁུལ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དུ་གནས་ཤིང་གཙོ་བོ་ཚྭ་འདམ་གཤོངས་ས་རུ་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཚྭ་མཚེའུ་དང་དེ་བཞིན་ཚྭ་རིགས་ཀྱི་གཏེར་ཁ་ཅཱ་དང་། ནཱ། མེ། ལིས་སོགས་ཁྱབ་ཁུལ་གཙོ་བོ་ཞིག་རེད། དུས་རབས་20པའི་ལོ་རབས་50པ་ནས་བཟུང་ས་གཤིས་བཟང་པོ་ནས་གཏེར་འཚོལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པས་ཀྲུང་གོའི་“ནོར་གཞོང་”གོ་གནས་ཐོབ་པར་རྨང་གཞི་བཏིང་།

        སྡོམ་རྩིས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཚྭ་འདམ་གཤོངས་སའི་ཚྭ་མཚོའི་ཐོན་རྫས་གཙོ་བོའི་ཐོན་ཚད་བརྟན་འཇགས་ངང་འཕར་བ་དང་། གཞི་ཁྱོན་ཡན་གྱི་ཚྭ་མཚོའི་ཁེ་ལས་48ཀྱིས་རིམ་རྩིས་བྱས་ན་ཅཱ་ལུད་ཏུན་ཁྲི་586.1དང་། བུལ་རྐྱང་ཏུན་ཁྲི་351.9། ཐན་སོན་ལིས་ཏུན་ཁྲི་5.4། ཆིང་དབྱང་ཧྭ་མེ་ཏུན་ཁྲི་63བཅས་ཐོན་སྐྱེད་བྱས་ཤིང་།  བཟོ་ལས་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་567.6ཟིན་པ་དང་། ཚྭ་མཚོའི་ཐོན་ལས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་འབོར་འཕར་ཚད་དུས་མཚུངས་ལས་40.6%རེད།

        མཚོ་ནུབ་ཁུལ་བཟོ་ལས་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཝུན་པང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཚྭ་འདམ་གཤོངས་སས་ཁིལ་ཅཱ་རྫས་ཏུན་ཁྲི་850དང་། མུ་ཟི་སྐྱུར་ཅ་མེ་རྫས་ཏུན་ཁྲི་100། ཟེ་སྐྱུར་ཅཱ་ཏུན་ཁྲི་40། ཆིང་དབྱང་ཧྭ་མེ་ཏུན་ཁྲི་30སོགས་ཐོན་སྐྱེད་བྱེད་ཐུབ་པར་མ་ཟད།  སྔ་རྗེས་སུ་ཅ་ལུད་ཏུན་ཁྲི་500ཡི་མངོན་མེད་ནུས་ཤུགས་སྔོག་འདོན་དང་ནུས་བསྐྱེད་བསྒྱུར་བཀོད། ཁིལ་ཅཱ་རྫས་ཏུན་ཁྲི་40སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས། ཚྭ་མཚོའི་མ་རྐང་ཏུན་ཁྲི་བརྒྱ་ཟིན་པའི་ཅ་ལུད་ཕྱོགས་བསྡུས་བེད་སྤྱོད་དང་། ན་གོར་མོ་གཙང་ཀེ་ཅ་ལུད་ཏུན་ཁྲི་200ཡི་ལུའུ་ཧྭ་ཅ། གཏེར་ཁ་ལྔ་པའི་ཚྭ་མཚེའུ་ཡི་ལུའུ་ཧྭ་ཅ་ཏུན་ཁྲི་30། ཞིན་ཡོན་ཅ་ལུད་ཏུན་ཁྲི་45སོགས་ཀྱི་ཐོན་ནུས་བསྐྲུན་ཚར།  ཚྭ་མཚོའི་བཟོ་ལས་མ་རྐང་ཀུང་སིས་གསར་དུ་བསྣན་པའི་ལུའུ་ཧྭ་ཅ་ཏུན་ཁྲི་75ཡི་རྣམ་གྲངས་འཛུགས་སྐྲུན་གཙོ་བོར་བཟུང་ནས་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བརྗོད་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1