མཉམ་ལས་ཁང་དུ་ཞུགས། ཕྱུག་འགྱུར་ལམ་བཟང་རྙེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 11-22


        ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་ལྷག་ཚང་ཤང་མཇུག་དཀར་གྲོང་ཚོས་གྲོང་ཚོའི་དོན་དངོས་ལ་དམིགས་པ་དང་ས་གནས་དེ་གའི་ལེགས་ཆར་གཞི་ཚུགས་ནས། འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་བདམས་ཏེ“ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། འབྲོག་པ”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་དོ་དམ་བྱེད་སྟངས་མཐའ་འཁྱོངས་ཀྱིས་འབྲོག་པ་མང་ཚོགས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཚོ་དེའི་སྐྱིད་ལགས་འབྲི་གཡག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་ད་ཆ་ཧྲེ་ཡོན་དུད་ཚང་87གྱི་མི་322ཡོད་པ་དང་། ལག་ཡོད་འབྲི་གཡག་མགོ་གྲངས་1831དང་། ལུག་2143 ར་675བཅས་ཡོད་པ་རེད། ཟླ་11ཚེས་18ཉིན་མཉམ་ལས་ཁང་དེས་2022ལོའི་ལོ་འཁོར་གྱི་བགོ་འགྲེམས་ཐེངས་དང་པོ་བརྒྱབ་པ་མ་ཟད་ཁྱོན་རིན་ཐང་སྒོར་ཁྲི་42.6རི་བའི་དངོས་ཟོག་ཀྱང་སྤྲད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1