ཐེ་ལན་དི་རུ་སང་ཁི་རན་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-15


         སྤྱི་ཟླ་4པའི་ཚེས་13ཉིན།   ཐེ་ལན་དིའི་བྱང་རྒྱུད་གྱི་ཆིང་མའེ་གྲོང་ཁྱེར་དུ།   བུ་མོ་ཞིག་རླངས་འཁོར་དུ་བསྡད་དེ་སྲང་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་རླངས་འཁོར་ལ་ཆུ་གཏོར་བཞིན་ཡོད་དེ། ཉིན་འདི་ནི། ཐེ་ལན་དིའི་སང་ཁི་རན་དུས་ཆེན་གྱི་ཉིན་དང་པོ་དེ་ཡིན་ལ། ཐེ་ལན་དིའི་ཆིང་མའེ་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་སྔར་སྲོལ་བཞིན་དགོན་པ་རུ་གསོལ་བ་སྨོན་ལམ་འདེབས་པ་དང་དྭངས་གཙང་གི་ཆུ་ཡིས་ལྷ་སྐུ་བཀྲུ་བ། མི་ཕན་ཚུན་བར་ཆུ་གཤོ་བ་སོགས་བྱས་ཏེ་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས་ཡོད།   ལོ་རེའི་སྤྱི་ཟླ་4པའི་ཚེས་13ཉིན་ནས་ཚེས་15བར། སང་ཁི་རན་དུས་ཆེན་རོལ་བཞིན་ཡོད་ཅིང་། ཆུ་གཤོའི་དུས་ཆེན་ཡང་འབོད་སྲོལ་ཡོད། དུས་ཆེན་འདི་ནི་ཐེ་ལན་དིའི་ལི་ཐོ་ཡི་ནང་དུ་སྲོལ་རྒྱུན་གྱི་ལོ་སར་ཡང་རེད། །    ་


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1