གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༤ཚེས་༡༥ཉིན།

མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གི་བརྩམས་ཆོས་《སྙིང་རྗེ་ལས་སྐྱེས་པའི་ཤེས་རབ།》ཀྱི་པར་ཐེངས་བརྒྱད་པ་དཔེ་སྐྲུན་འགྲེམ་སྤེལ་བྱས།

《སྙིང་རྗེ་ལས་སྐྱེས་པའི་ཤེས་རབ།》ཀྱི་པར་ཐེངས་བརྒྱད་པའི་ཁ་ཤོག


《སྙིང་རྗེ་ལས་སྐྱེས་པའི་ཤེས་རབ།》ཀྱི་པར་ཐེངས་སྔོན་མ་དག་གི་ཁ་ཤོག

           2015ལོའི་སྤྱི་ཟླ་4པ་ནས་བཟུང་། མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་གི་བརྩམས་ཆོས་《སྙིང་རྗེ་ལས་སྐྱེས་པའི་ཤེས་རབ།》ཀྱི་པར་ཐེངས་བརྒྱད་པ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་། རྒྱལ་ཡོངས་ས་གནས་སོ་སོའི་དཔེ་མཛོད་ཁང་དུ་འགྲེམ་འགོ་བརྩམས་ཡོད།

         《སྙིང་རྗེ་ལས་སྐྱེས་པའི་ཤེས་རབ།》ཅེས་པའི་དཔེ་དེབ་འདིར། དེང་རབས་ཀྱི་མི་ཚོས་ཡང་དག་པའི་སྒོ་ནས་ནང་ཆོས་ལ་ངོས་འཛིན་དང་ནང་ཆོས་ལ་སློབ་སྦྱོང་བྱ་བར་ཁ་གསལ་གོ་བདེ་ཡི་ཐབས་ལམ་ཞིག་མཁོ་འདོན་གནང་ཡོད་ལ། ནང་ཆོས་ཀྱི་ཤེས་རབ་ང་ཚོའི་དངོས་ཡོད་འཚོ་བའི་སྤྱི་ཚོགས་དང་སྦྲེལ་ཡོད་ལ། ཐེག་པ་ཆེན་པོའི་ཤིན་ཏུ་ཕྲ་བའི་ཤེས་རབ་ལ་བརྟེན་ནས་དེང་རབས་སྤྱི་ཚོགས་སུ་གནས་པའི་མི་རྣམས་ཀྱི་བསམ་བློའི་དཀའ་ངལ་དང་དད་མོས་ཀྱི་གནད་དོན་སོགས་ཐག་གཅོད་བྱས་ཡོད། དཔེ་དེབ་འདི་ནི་ནང་ཆོས་ལ་སློབ་སྦྱོང་དང་ཉམས་ཞིབ་གནང་མཁན་གྱི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་མཚོན་ན་ཆེས་འཐུས་སྒོ་ཚང་བའི་དཔེ་དེབ་རྩ་ཆེན་ཞིག་ཏུ་ངོས་འཛིན་བྱས་ཆོག 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1