སི་ཁྲོན་གྱི་ལོ་ངོ་800ལོན་པའི་རྡོ་ཡི་མཆོད་རྟེན་ཞིག་གི་རྩེ་རུ་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་ངོ་མ་ཞིག་རྙེད་འདུག

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-15


སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པར་གྲགས་པའི་རྡོ་ཡི་མཆོད་རྟེན།

སངས་རྒྱས་ཀྱི་རིང་བསྲེལ་བཞུགས་པར་གྲགས་པའི་རྡོ་ཡི་མཆོད་རྟེན།

           སྤྱི་ཟླ་4པའི་ཚེས་13ཉིན། སི་ཁྲོན་ཞིང་ཆེན་ཆུང་ལའེ་གྲོང་ཁྱེར་གྱི་ཧྲི་ཐཱ་དགོན་དུ་རྒྱལ་ཕྱི་ནང་གི་ནང་ཆོས་པ་དང་གནའ་རྫས་རྟོག་ཞིབ་པ་མང་པོ་ཞིག་ཕེབས་ཤིང་། ཧྲི་ཐཱ་དགོན་གྱི་རིག་དངོས་ཐོན་ཁུངས་རྟོག་ཞིབ་ཀྱི་ཡུལ་དངོས་སུ་སངས་རྒྱས་ཀྱི་རིང་བསྲེལ་གསར་རྙེད་བྱུང་བའི་གནས་ཚུལ་ལ་གསན་པ་རེད། དགོན་པ་འདིའི་རྡོ་ཡི་མཆོད་རྟེན་ལ་ཆེས་མ་མཐའ་ཡང་ལོ་ངོ་800ལྷག་གི་ལོ་རྒྱུས་ལྡན་ཞིང་། མཆོད་རྟེན་གྱི་ཐོག་ཏུ་སྟོན་པ་ཤཱཀྱ་ཐུབ་པ་མཆོག་གི་སྐུ་གདུང་མཆོད་རྟེན་རིན་པོ་ཆེ་ཞེས་བརྐོས་ཡོད། སྔོན་ཆད་རིག་དངོས་ལས་གཞིའི་མི་སྣ་ཚོས་མཆོད་རྟེན་འདི་ལ་སྲུང་སྐྱོང་རང་བཞིན་གྱི་ཞིག་གསོ་བྱེད་དུས། མཆོད་རྟེན་གྱི་རྩེ་རུ་ཡི་གེ་བརྐོས་པའི་རྡོ་ལེབ་ཅིག་རྙེད་ཅིང་། དེའི་ཐོག་ཏུ་མཆོད་རྟེན་འདིའི་རྩེ་ཐོག་ཏུ་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་དང་ཚེམས་གདུང་སོགས་ཡོད་པའི་ཡི་གེ་བརྐོས་ཡོད་ཅིང་། དེ་ནས་བཟུང་མཆོད་རྟེན་འདིའི་ནང་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་ངོ་མ་ཡོད་པའི་གླེང་གཞི་ཞིག་བྱུང་། དེང་སང་རིག་དངོས་ཅུས་ཀྱི་ཆེད་མཁས་པ་དག་གིས་ཕྱོགས་མང་པོ་ནས་རིང་བསྲེལ་ངོ་མ་ད་རུང་མཆོད་རྟེན་དུ་བཞུགས་ཡོད་པའི་སྒྲུབ་བྱེད་བཀོད་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1