དགུན་དུས་བློ་བདེའི་ཆུ་སྤྱོད་རྒྱུ་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 12-01


འདི་ནི་ཉེ་ཆར་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་ཚོགས་ཆུང་དང་པོའི་ཡུལ་མི་ལྷ་འཛོམས་མ་བུ་གཉིས་ཀྱིས་རང་ཁྱིམ་གྱི་སྒོ་རའི་ནང་དྭངས་གཙང་གི་ཆུ་སྤྱོད་བཞིན་པ།

        ཉེ་ལམ་ལོ་ཤས་རིང་། རང་ལྗོངས་ཀྱི་ས་བབ་མཐོ་ཁུལ་དུ་དུས་ཚིགས་རང་བཞིན་གྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ལག་བསྟར་བྱས་པ་དང་བསྟུན་ནས་ས་བབ་མཐོ་ཁུལ་དུ་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་སྟེ་ཞིང་འབྲོག་མང་ཚོགས་ལ་དགུན་དུས་འཐུང་ཆུ་འགན་ལེན་ཐུབ་ཡོད། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་ཁྱོན་མ་དངུལ་སྒོར་ཁྲི8759.23བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་ས་ཚིགས་ཁྱོན459བསྐྲུན་པ་དང་། རིམ་རྩིས་བྱས་ན་དུད་ཚང7546གི་མི་53135ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1