ལས་སྣོན་ཞིབ་ཚགས་བྱས། ཞིང་པར་འབབ་འཕར་གཏོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 12-02


        ཚ་ལུ་མར་ལོ་ལེགས་བྱུང་བའི་སྐབས་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་གིས་ས་གནས་དེ་གའི་ཚ་ལུ་མ་ལས་སྣོན་བྱས་ནས་ལྕགས་ཀྲིན་ནང་བླུགས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་འཚོང་གི་ཡོད། ཉེ་བའི་ལོ་ཤས་རིང་། ཙི་ཀུའེ་རྫོང་གིས“སྣེ་འདྲེན་ཁེ་ལས་+རྟེན་གཞི་+མཉམ་ལས་ཁང་+ཞིང་དུད”བཅས་ཀྱི་བྱེད་ཐབས་སྤྱད་དེ་ཚ་ལུ་མའི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ཁེ་ལས་ཀྱིས་ཚ་ལུ་མ་ལས་སྣོན་ཞིབ་ཚགས་བྱས་ནས་བཙོངས་པས་ཞིང་པར་འབབ་འཕར་དང་གྲོང་གསེབ་དར་རྒྱས་ལ་རོགས་རམ་ཐུབ་ཅིང་། འདི་ནི་བཟོ་པས་ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་གི་ཚ་ལུ་མ་ལས་སྣོན་འཁོར་ཁང་ཞིག་ཏུ་ལས་ཀར་བྲེལ་བཞིན་པའི་རྣམ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1