ཨ་རིའི་བུ་མོ་ཞིག་གི་རང་གི་ཨ་ཕ་དྲན་པའི་སེམས་འདུན་མངོན་འགྱུར་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-16


          སྤྱི་ཟླ་4པའི་ཚེས་14ཉིན། ལོ་13ཅན་གྱི་ཨ་རིའི་བུ་མོ་སི་ཏེ་ཧྥུ་ནེ་ཡི་ཨ་ཕ་ནི་འཇིག་རྟེན་འཕུར་བསྐྱོད་པ་ཞིག་ཡིན་ལ། རང་གི་ཨ་ཕ་དང་ཁ་བརྡ་བྱ་རྒྱུའི་གོ་སྐབས་ཤིན་ཏུ་ཕྲ་བས། ཁོ་མོས་ཨ་ཕ་དྲན་པའི་ཚིག་གཅིག་འབྲི་རྒྱུར་ཐག་གིས་བཅད་པ་རེད། རླངས་འཁོར་སྤྱི་གཉེར་ཁང་གི་རོགས་རམ་འོག ཁོ་མོས་ནེ་ཝ་དྷ་མངའ་སྡེའི་གླིང་བར་ཞིག་ཏུ། སི་ཏེ་ཧྥུན། ང་རང་ཁྱེད་ལ་དགའ་ཞེས་བྲིས་ཡོད་ཅིང་། ཡིག་འབྲུ་ཆེན་པོ་དེ་དག་གིས་ཁེབས་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་556ཡོད་པ་རེད།


         རླངས་འཁོར་11གིས་ཐད་འཕུར་གནམ་གྲུའི་ནང་ནས་ཁ་ཕྱོགས་བསྟན་པ་ལྟར། གླིང་བར་ཆེན་པོ་དེའི་ཐོག་ཏུ་འཁོར་ལོའི་རྗེས་ཕབ་སྟེ་བུ་མོ་སི་ཏེ་ཧྥུ་ནེ་ཡི་རེ་འདུན་འགྲུབ་པར་བྱས་པ་རེད། ཡིག་འབྲུ་ཆེན་པོ་འདི་དག་གིས་འཛམ་གླིང་གྷེ་ནི་སི་ཟིན་ཐོ་བཀོད་ཡོད། །

བུ་མོའི་ཨ་ཕས་པར་ཆས་སྤྱད་ནས་བར་སྣང་ས་ཚིགས་ནས་རང་གི་བུ་མོའི་སེམས་འདུན་མཚོན་པའི་ཡི་གེར་བལྟ་བཞིན་པ།


བར་སྣང་ནས་པར་བླངས་པའི་ཡི་གེ

 

རང་གི་རེ་འདུན་འགྲུབ་རྗེས་བུ་མོ་སི་ཏེ་ཧྥུ་ནེ་ཧ་ཅང་དགའ་ཡོད་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1