བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-07


བློ་མཐུན་ཅང་ཙེ་རྨིན་གྱི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

༼ཨང་3པ༽

        རང་རེའི་ཏང་དང་རང་རེའི་དམག རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཁས་ལེན་ཞུ་བའི་བླ་མེད་སྙན་གྲགས་ལྡན་པའི་འགོ་ཁྲིད་པ་ཁྱད་འཕགས་ཅན། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ།རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཚོད་བགམ་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ།  ཏང་གི་མི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྱི་སྲོལ་གཏོད་པ་གཙོ་བོ་བཅས་ཡིན་པའི་བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པའི་རྗེས། རྒྱལ་ཁབ་མང་པོའི་གཙོ་འཛིན་དང་། སྲིད་གཞུང་གི་འགོ་གཙོ། གྲོས་ཚོགས་ཁང་དང་སྲིད་གཞུང་གི་ཚན་པ། སྲིད་ཏང། མཛའ་གྲོགས་ཚོགས་པ། ལས་རིགས་ཁག་གི་མཛའ་གྲོགས་མི་སྣ། རྒྱལ་སྤྱིའི་རྩ་འཛུགས་ཁག་གཅིག་གི་འགན་འཁུར་བ། ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་པ། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མཛའ་གྲོགས་མི་སྣ། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་སྤུན་ཟླ། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་བཅས་ནས་མྱ་ངན་ཞུ་བའི་གློག་འཕྲིན་དང་མྱ་ངན་ཞུ་ཡིག་འབོར་ཆེན་བསྐུར་བ་དང་། གསལ་བསྒྲགས་སྤེལ་བ་དང་གཏམ་བཤད་སྤེལ་བ། མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པ་བཅས་བྱས་ཏེ་མྱ་ངན་དང་འཚམས་འདྲི་ཟབ་མོ་ཞུས་ཡོད། དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

        ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་འཐབ་ཇུས་བཅས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་རྒྱུན་འཁྱོངས་བཅས་བྱས་ཐོག སྡུག་བསྔལ་སྟོབས་ཤུགས་སུ་འགྱུར་བ་བྱས་ཏེ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་གཅིག་འགྱུར་ཐོག་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་སེམས་ཐག་བཅད་ཡོད།

        དེ་དོན་ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བའོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1